འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ཨ་རིའི་གྲོས་མོལ་འདིར་གྲུབ་འབྲས་ཆེན་པོ་ཐོབ་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་10ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་9ཉིན་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས། ཟླ་11ཚེས་8ཉིན་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གནམ་གཤིས་ཀྱི་དམིགས་བསལ་ཕོ་ཉ་དང་དེ་བཞིན་ཚོགས་པས་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེ་རུ་འཚོགས་པའི་གནམ་གཤིས་ཀྱི་གྲོས་མོལ་བདེ་བླག་ངང་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་འཛིན་གྱི་པ་ལི་གླིང་ཕྲན་གྱི་ཐུག་འཕྲད་དགོངས་དོན་དོན་འཁྱོལ་བྱ་རྒྱུར་དམིགས་ནས། ཕྱོགས་ཡོངས་དང་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་གི་ཕྱོགས་གཉིས་ཀྱི་མཉམ་ལས་དང་བྱ་སྤྱོད་སྤེལ་བ་དང་།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གཞི་སྒྲོམ་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པར་ཐུན་མོང་ཐོག་གྲུབ་འབྲས་ལེགས་པོ་ཐོབ་པར་སྐུལ་འདེད་བཏང་ཡོད།