འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ནད་འདི་ནི་ཚབས་ཆེའི་སྐྲན་ནད་ཕོག་ཚད་མང་ཤོས་དེ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་10ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཁབ་འབྲས་སྐྲན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་གློ་སྐྲན་ནི་ལོ་རེར་ནད་དཔེ་གསར་པ་ཁྲི་82.8ཡོད་པ་དང་། ནད་གཞི་ཕོག་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། 
     གློ་སྐྲན་གྱི་ཉེན་ཁའི་རྒྱུ་རྐྱེན་ནི་ཐ་མག་འཐེན་པ་དང་། འགྱེད་འཕྲོའི་ཐིག་ལ་རེག་པ། རྫས་འགྱུར་དངོས་པོ་ཕྱིར་མངོན་པ་སོགས་ཚུད་ཡོད།
     སྔ་དུས་ཀྱི་གློ་སྐྲན་མང་ཆེ་བར་ནད་རྟགས་མེད། གློ་དྲག་པོར་ལུ་བ་དང་། ལུད་པའི་ནང་དུ་ཁྲག་འདྲེས་པ། བྲང་འགག་ནས་དབུགས་འཚང་བ་སོགས་ཀྱི་ནད་རྟགས་བྱུང་ན། 70%ཡན་ནི་དུས་སྐེད་དང་དུས་མཇུག་ཡིན།
     སྦྱོར་ཚད་དམའ་བའི་དུང་འཁྱིལ་CTཡིས་དྲག་སྐྱེད་བྱུང་བའི་སྔ་དུས་ཀྱི་གློ་སྐྲན་མཐོང་ཐུབ། འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་ཐབས་འདི་གློ་བའི་འབྲས་སྐྲན་ལ་བརྟག་དཔྱད་བྱེད་པའི་བྱེད་ཐབས་གཙོ་བོར་མཚམས་སྦྱོར་བྱས་ཡོད།
     སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཡོན་ཀྲང་ལི་ཝུའེ་མིང་གིས། གློ་སྐྲན་ཐོན་པའི་ལོ་ཚད་དེ་རང་རེའི་རྒྱལ་ཁབ་ཏུ་རིམ་བཞིན་ན་གཞོན་ཅན་དུ་གྱུར་ཡོད། ལོ40ཡན་ཆད་དང་དེ་དང་ཆབས་ཅིག གཤམ་གྱི་ཉེན་ཁའི་རྒྱུ་རྐྱེན་དཔེར་ན། ཐ་མག་འཐེན་པ་དང་། སྐྲན་ནད་ཁྱིམ་རྒྱུད་ཀྱི་ལོ་རྒྱུས། གློ་སྐྲན་ཁྱིམ་རྒྱུད་ཀྱི་ལོ་རྒྱུས། དལ་བའི་རང་བཞིན་གྱི་གློ་བའི་ནད་རིགས་བཅས་ཀྱི་ལོ་རྒྱུས་ཡོད་པ་དག་གིས་གློ་སྐྲན་བརྟག་དཔྱད་བྱེད་དགོས། 
     སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཡོན་ཀྲང་ལི་ཝུའེ་མིང་གིས། ང་ཚོས་སྦྱོར་ཚད་དམའ་བའི་དུང་འཁྱིལ་CTགློ་སྐྲན་བརྟག་དཔྱད་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་འཇུག་ཐུབ་ཚེ། ཆ་ཤས་ཤིག་རྩིས་ཞུའི་མ་དངུལ་ཞིག་ཏུ་བརྩིས་ཏེ། ཉེན་ཁ་ཆེ་བའི་མི་ཚོགས་ཚང་མར་གློ་བའི་འབྲས་སྐྲན་ལ་བརྟག་དཔྱད་བྱེད་དུ་བཅུག་ན། སྔ་དུས་ཀྱི་གློ་བའི་འབྲས་སྐྲན་མང་པོ་ཤེས་རྟོགས་བྱུང་ནས། གློ་བའི་འབྲས་སྐྲན་ཕོག་པ་ལོ་5རིང་གསོན་ཚད་སྔར་ལས་ཇེ་མཐོར་གཏོང་ཐུབ།