འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་དང་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་09ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོ་དང་མོང་གོལ་གྱི་ལོ་འཁོར་མཐའ་སྲུང་འགྲོ་འོང་མཉམ་ལས་འཆར་གཞི་གཞིར་བཟུང་། ཟླ་11ཚེས་10ཉིན་དམག་དཔུང་གཉིས་ཀྱིས་ཞིན་ཅང་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཁུལ་ཉེ་འགྲམ་གྱི་ཀྲུང་མོང་མཐའ་མཚམས་ས་ཁུལ་དུ་“2023ལོའི་མཐའ་སྲུང་མཉམ་ལས་”ཀྱི་མཉམ་འབྲེལ་དམག་སྦྱོང་བྱས་ནས། “མཐའ་མཚམས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཀག་འགོག་བྱེད་པའི་ཀྲུང་མོང་མཉམ་འབྲེལ་བྱ་སྤྱོད་”བརྗོད་གཞིར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཐའ་སྲུང་དཔུང་སྡེས་མཉམ་འབྲེལ་ཐོག་མཐའ་མཚམས་ཀྱི་ལྐོག་འདྲེན་དང་འཇིགས་སྐུལ་གཏོར་བཤིག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། དམག་དཔུང་གཉིས་པོའི་དངོས་སྒྲུབ་སྤེལ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།