འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་གྱིས་འདིར་གྲོས་འཆམ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་09ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཆེས་མཐོའི་ལཱ་ཏ་(གྲོས་ཚོགས་)ཡིས་དམག་འཁྲུག་གི་དུས་བབ་དང་སྐུལ་སློང་གི་བཀའ་རྒྱ་ནར་འགྱངས་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱས་པ་དང་། ཡུག་རེན་གྱི་དམག་འཁྲུག་སྐབས་ཀྱི་རྣམ་པ་དང་སྐུལ་སློང་གི་དུས་ཚད་དེ་2023ལོའི་ཟླ་11ཚེས་16ཉིན་ནས་བཟུང་སླར་ཡང་ནར་འགྱངས་བྱས་ནས། 2024ལོའི་ཟླ་2ཚེས་14ཉིན་བར་ཉིན་90ནར་འགྱངས་བྱེད་རྒྱུ་ཡིན་པ་རེད།