༄༅།།བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་རྒྱལ་ཁབ་འདིར་འབྱོར་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་09ཉིན། 13:23】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་8ཉིན་གྱི་ཕྱི་དྲོ། མཁའ་དམག་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གི་རྒོལ་གཏོར-10རྟགས་ཅན་གྱི་འཁྲབ་སྟོན་གནམ་གྲུ་7ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་ཨ་ལེ་མ་ཁེ་ཐུམ་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་དང་། ཏི་པའེ་མཁའ་འགྲུལ་འགྲེམས་སྟོན་སྐབས་18པའི་ནང་ཞུགས་པ་རེད། ད་ཐེངས་ཀྱི་ཏི་པའེ་མཁའ་འགྲུལ་འགྲེམས་སྟོན་ནི་མཁའ་དམག་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་2017ལོའི་ཟླ་11པའི་ཚུན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འབྱོར་ཐེངས་གཉིས་པ་རེད།