འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱང་ཆིངས་རྩ་འཛུགས་ཀྱིས་དོན་འདི་བསྒྲཊ་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་08ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་7ཉིན་《ཡོ་རོབ་རྒྱུན་གཏན་དྲག་པོའི་སྟོབས་ཤུགས་སྐོར་གྱི་ཆིངས་ཡིག་》ནང་གནས་སྐབས་ཞུགས་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་ཏེ། ཨུ་རུ་སུ་ཆིངས་ཡིག་དེ་ལས་དངོས་སུ་ཕྱིར་འཐེན་བྱས་པར་ཨ་ལན་སློག་པ་རེད། 
     བྱང་ཆིངས་རྩ་འཛུགས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་དོན། 《ཡོ་རོབ་རྒྱུན་གཏན་དྲག་པོའི་སྟོབས་ཤུགས་སྐོར་གྱི་ཆིངས་ཡིག་》གིས་ཡོ་རོབ་གླིང་དང་ནུབ་རྒྱ་མཚོ་ཆེན་པོའི་བདེ་འཇགས་སྒྲོམ་གཞིར་“རྨང་རྡོ་”ལྟ་བུའི་ནུས་པ་གལ་ཆེན་ཐོན་མོད། འོན་ཀྱང་བྱང་ཆིངས་རྩ་འཛུགས་ཀྱིས་ཆིངས་ཡིག་བརྩི་སྲུང་བྱེད་པ་ལས་ཨུ་རུ་སུས་བརྩི་སྲུང་མི་བྱེད་པའི་གནས་ཚུལ་ནི་རྒྱུན་མཐུད་བྱེད་ཐབས་བྲལ་བ་ཞིག་རེད། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཚང་མ་ཆིངས་ཡིག་འདིར་ཞུགས་མཚམས་འཇོག་པའི་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ཡོད། 
     1990ལོར་ནུབ་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་(བྱང་ཆིངས་རྩ་འཛུགས།)དང་ཧྭ་ཧྲ་ཆིངས་ཡིག་རྩ་འཛུགས་(ཧྭ་ཆིངས།)ཀྱིས་《ཡོ་རོབ་རྒྱུན་གཏན་དྲག་པོའི་སྟོབས་ཤུགས་སྐོར་གྱི་ཆིངས་ཡིག་》ལ་མིང་རྟགས་བཀོད་པ་རེད། ཆིངས་ཡིག་ནང་དམག་དོན་ཚོགས་པ་ཆེན་པོ་གཉིས་ཀྱི་རྒྱུན་གཏན་མཚོན་ཆའི་བསྡོམས་འབོར་དང་ཞིབ་བཤེར་བྱེད་སྟངས་སོགས་ལ་གཏན་འབེབས་བྱས་ཡོད། ཧྭ་ཆིངས་དང་སུའུ་ལེན་འཐོར་ཞིག་ཏུ་སོང་རྗེས། 1999ལོར་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་འགོ་གཙོའི་གྲོས་ཚོགས་ཐོག་《ཡོ་རོབ་རྒྱུན་ལྡན་དྲག་པོའི་སྟོབས་ཤུགས་སྐོར་གྱི་ཆིངས་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་གྲོས་མཐུན་》ལ་གྲོས་འཆམ་བྱུང་བ་དང་། ཨུ་རུ་སུས་2004ལོར་གྲོས་མཐུན་དེར་ཆོག་མཆན་བཀོད་མོད། འོན་ཀྱང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཆོག་མཆན་བཀོད་མེད།
     བྱང་ཆིངས་རྩ་འཛུགས་ཀྱིས་རྒྱུན་མཐུད་དུ་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་དང་བསྟུན་ནས། ཨུ་རུ་སུ་ཕྱོགས་ཀྱིས་2007ལོར་《ཡོ་རོབ་རྒྱུན་གཏན་དྲག་པོའི་སྟོབས་ཤུགས་སྐོར་གྱི་ཆིངས་ཡིག་》ལག་བསྟར་བྱེད་མཚམས་བཞག་པ་རེད། ད་ལོའི་ཟླ་5ཚེས་29ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བཀའ་ཁྲིམས་ལ་མིང་རྟགས་བཀོད་དེ་《ཡོ་རོབ་རྒྱུན་གཏན་དྲག་པོའི་སྟོབས་ཤུགས་སྐོར་གྱི་ཆིངས་ཡིག་》མེད་པར་བཟོས་པ་རེད།