འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་18ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་08ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་5ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་མང་པོའི་འགན་འཁུར་བ་ཚུད་པའི་རྒྱལ་སྤྱིའི་སྒྲིག་གཞི་དང་རྩ་འཛུགས་ཀྱི་འགན་འཁུར་བ་18ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཕྲལ་མར་འཇོག་རྒྱུའི་རེ་འབོད་བྱས་པ་རེད།
   གསལ་བསྒྲགས་ནང“ཅ་ཧྲ་ས་ཁུལ་གྱི་གྲོང་མི་རྣམས་དཀའ་ཁག་ཏུ་ཚུད་པ་དང་འཇབ་རྒོལ་ཐེབས་ནས་འཚོ་གནས་མཁོ་ཆས་ཐོབ་ཐབས་བྲལ་བའི་གནས་ཚུལ་བྱུང་ཡོད། ཁོང་ཚོའི་ཁྱིམ་གཞིས་ལ་འབར་མདེལ་དབྱུགས་པ་དང་། ཉེན་གཡོལ་ཁང་དང་། སྨན་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལའང་འབར་མདེལ་དབྱུགས་ཡོད་པས་དེ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད། གདོང་ཐུག་བྱུང་ནས་ཉིན་30འགོར་ཡོད་པས་“མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཕྲལ་མར་འཇོག་དགོས་ཀྱི་ཡོད”ཅེས་འཁོད་ཡོད་པ་རེད།
   མཉམ་འབྲེལ་གསལ་བསྒྲགས་སྤེལ་མཁན་གྱི་མི་18ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་ལས་དོན་ལ་དོ་དམ་བྱེད་མཁན་དྲུང་ཆེ་གཞོན་པ་མཱ་ཏིང་·ཀེ་ལི་ཧྥེ་སི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་གཏོང་མི་སྣ་ཨོའར་ཁེ·ཐུའུ་ཁེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལས་དོན་གྱི་མཐོ་རིམ་ཆེད་གཏོང་མི་སྣ་ཧྥེ་ལི་པོ·ཀེ་ལན་ཏི། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ཁའེ་སེ་ལིན·ལ་སེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའི་ལག་བསྟར་ལས་འཛིན་ཞིན་ཏི·མེ་ཁའེ་ཨེན། རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨའེ་སྨི་· པོ་ཕུའུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སེ་སོགས་ཚུད་ཡོད་པ་རེད།