འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཚྭ་ཉུང་ཙམ་བཏང་ན་ནད་འདི་འགོག་པར་ཕན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་07ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ་ཅུང་ཆེ་མཁན་ཚོས་རྒྱུན་དུ་ཀ་ར་ཟ་གི་མེད་ཅིང་། ཞིབ་འཇུག་གསར་བ་ཞིག་གིས་གསལ་བཤད་བྱས་པ་ལྟར་ན། ཟས་ཀྱི་ནང་གི་ཚྭ་ཉུང་ཙམ་བཏང་ན་2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་བྱེད་པར་ཕན་པ་ཡོད།
     ཨ་རིའི་ཐུའུ་ལན་སློབ་ཆེན་སོགས་ལས་ཁུངས་ཀྱི་ཞིབ་འཇུག་མི་སྣས་ཉེ་ཆར་ཨ་རིའི་《མེ་ཨའོ་སྨན་བཅོས་ཁང་གི་རིག་གཞུང་དུས་དེབ》ཐོག་དཔྱད་རྩོམ་སྤེལ་ནས་བཤད་དོན། ཁོ་ཚོས་དབྱིན་ཇིའི་སྐྱེ་དངོས་གསོ་རིག་གཞི་གྲངས་མཛོད་དུ་ཐོ་འགོད་བྱས་པའི་དར་མ་ཁྲི་40ལས་བརྒལ་བའི་ཚྭ་ཟོས་ཚད་ལ་བརྟག་དཔྱད་བྱས་པ་དང་། དུས་ཚོད་ཀྱི་དཀྱིལ་གནས་གྲངས་ལོ་12ཙམ་ལ་སྐབས་བསྟུན་བཅར་འདྲིའི་ཁྲོད། ཚོད་ལྟར་ཞུགས་མཁན་ཁྲོད་ཀྱི་མི་ཁྲི་1.3ལ་2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཕོག་པ་རེད།
     བརྟག་དཔྱད་ལས་ཤེས་གསལ་ལྟར་ན། ཟས་རིགས་ནང་ཚྭ་ནམ་ཡང་“མི་བླུགས་པའམ་”ཡང་ན་“ཉུང་ཉུང་བླུགས་པའི”མི་དང་། “སྐབས་འགར”དང་“རྒྱུན་དུ”ཡང་ན། “ནམ་ཡིན་ཡང”ཟས་རིགས་ནང་ཚྭ་བླུགས་མཁན་དང་བསྡུར་ན། 2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ་སོ་སོར་13%དང་། 20%  39%བཅས་ལས་མཐོ་བ་ཡོད།
     ཞིབ་འཇུག་མི་སྣས་བཤད་རྒྱུར། འདིས་ཚྭ་མང་པོ་ཟོས་པ་ནི་2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་བྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་འབྲེལ་བ་ཡོད་པ་མཚོན། སྔོན་ཆད་ཞིབ་འཇུག་བྱས་པ་ལྟར་ན། ཚྭ་ཟ་ཚད་ཚོད་འཛིན་བྱས་ན། སྙིང་ཁམས་ཁྲག་རྩའི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཞིབ་འཇུག་འདིས་གསལ་བཤད་བྱས་པ་ལྟར་ན། ཚྭ་ཉུང་ཙམ་ཟོས་ན་གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་བྱེད་པར་ཕན་པ་ཡོད། 
     ཞིབ་འཇུག་མི་སྣས་བསྟན་དོན། མིག་སྔར་ཚྭ་མང་པོ་ཟོས་པ་ནི་2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གསལ་པོ་མི་ཤེས། ཕལ་ཆེར་ཚྭ་ཡིས་མི་རྣམས་ལ་སྔར་ལས་ཟས་མང་པོ་ཟ་རུ་འཇུག་པ་དང་། ཤ་རྒྱགས་པ་དང་གཉན་ཚད་སོགས་ཀྱི་ཉེན་ཁ་ཇེ་ཆེར་བཏང་ནས་གཅིན་པ་མངར་འགྱུར་གྱི་ནད་བྱུང་བ་རེད། ཁོ་ཚོས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་སྤེལ་ནས། ཚོད་ལྟར་ཞུགས་མཁན་གྱི་ཚྭ་ཟ་ཚད་ཚོད་འཛིན་བྱེད་པ་མ་ཟད་ཕན་འབྲས་ལ་ལྟ་ཞིབ་བྱེད་རྒྱུ་རེད།