འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་7ཉིན།

༄༅།།ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཆེད་མི་
བཅས་ཡིན་པའི་ཁྲེན་ཧའེ་མིང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་07ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ནུབ་རྒྱུད་གཏེར་ལས་ཚོཌ་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཆེད་མི་བཅས་ཡིན་པའི་ཁྲེན་ཧའེ་མིང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།
     ཉིན་ཤས་གོང་། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཆེད་མི་བཅས་ཡིན་པའི་ཁྲེན་ཧའེ་མིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
     ཞིབ་བཤེར་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་། གཞུང་ཁོངས་ཁེ་ལས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཆེད་མི་བཅས་ཡིན་པའི་ཁྲེན་ཧའེ་མིང་གི་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་། ཏང་གཤིས་ཀྱི་རྩ་དོན་ཤོར་བ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལས་རིཌ་སྤྱོད་ལམ་དང་རྒྱབ་འགལ་བྱས་པ། ཁྲིམས་སྒྱུར་བས་ཁྲིམས་ལ་གཏོར་བཤིག་བཏང་བ་དང་ཁྲིམས་ཤེས་བཞིན་དུ་ཁྲིམས་ལས་འགལ་བ། ཏང་ལ་ལྷག་བསམ་རྣམ་དག་དང་དྲང་གཞག་བྱས་མེད་པ། ཐབས་བརྒྱ་ཇུས་སྟོང་གིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་སྒྲིག་འགལ་ངང་ལག་རྟགས་བླངས་པ་དང་། དྲང་གཞག་སྒོ་ནས་གཞུང་དོན་སྒྲུབ་པར་ཤུཌ་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་དེ་བཞིན་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱས་པ། གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་བཅས་སྒྲིག་འགལ་ངང་གཉེར་བ་དང་གོ་སྐབས་དེ་དང་བསྟུན་ནས་རྒྱུ་ནོར་བླངས་པ། སྒྲིག་འགལ་ངང་འབུལ་ཚན་སྤྲད་པ། གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་ལས་བཟོ་བསྡུ་བའི་ལས་ཀའི་ནང་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་པ་དང་འབྲེལ་གཞན་གྱི་ས་ནས་ལག་རྟགས་བླངས་པ་དང་། རྩ་འཛུཌ་ལ་མི་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་སེང་དྲང་པོ་དྲང་གཞག་ཞུས་མེད་པ། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་འཁོར་རིགས་དང་དངུལ་གཡར་སྤྱོད་བྱས་ནས་སྒྲིག་འགལ་ངང་ཁེ་གཉེར་བྱེད་སྒོ་སྤེལ་བ་དང་། རང་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་གཞན་ལ་སྤྲོད་དུ་བཅུག་ཡོད། འདོད་རྔམ་ཆེ་རུ་སོང་ནས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ཁྲིམས་དང་མི་མཐུན་པར་སྤྱི་པའི་རྒྱུ་ནོར་བདག་གིར་བཟུང་ཡོད། སྤྱི་པའི་དབང་ཆ་སྒེར་ཕན་གཉེར་བའི་ལག་ཆར་བརྩིས་པ་དང་། ལས་གནས་ཀྱི་སྟབས་བདེའམ་ལས་གནས་ཀྱི་ཤུཌ་རྐྱེན་ལ་བརྟེན་ནས་རྣམ་གྲངས་སྒྲུབ་འགན་བླངས་པ་དང་ཁེ་ལས་གཉེར་སྐྱོང་སོགས་ནས་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་པ་དང་འབྲེལ་ཁྲིམས་འགལ་ངང་གཞན་གྱི་ས་ནས་རྒྱུ་དངོས་བླངས་ཡོད་པ་རེད།
     ཁྲེན་ཧའེ་མིང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བས་ལས་གནས་ཐོག་ཁྲིམས་འགལ་ཚབས་ཆེན་གྱི་བྱས་ཉེས་གྲུབ་པ་དང་འབྲེལ་ལྐོག་ཟའི་ཉེས་གསོག་དང་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་མཚམས་དང་ཚོད་མི་བྱེད་པ་དང་། ངོ་བོ་ཚབས་ཆེན་ཡིན་པ། ཤུགས་རྐྱེན་ངན་པ་བཅས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དོན་ལས་སྒྲུབ་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞིབ་འཇུག་བྱས་པ་དང་འབྲེལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་ལ་ཆོག་མཆན་ཞུས་པ་བརྒྱུད། ཁྲེན་ཧའེ་མིང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་བཅད་པ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཤེས་བཏང་བ། ཁོ་པའི་ཉེས་གསོག་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་དང་ཆབས་ཅིག དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་རྩིས་སྤྲོད་བྱས་པ་རེད།