འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་7ཉིན།

༄༅།།ཧྥེང་ཆའོ་ཡི་གཏམ་རྒྱུད་གསར་པ། 

 དུས་རབས་གསར་པར་གཞི་རིམ་དུ་“ཧྥེང་ཆའོ་ཉམས་མྱོང”འཚོལ་ཞིབ་བྱེད་པའི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་07ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   


    དམངས་འཚོ་དོན་ཆེན་ཡིན། དམངས་དོན་གནམ་ལས་ཆེ། 
    དུས་རབས་གོང་མའི་ལོ་རབས་60པར་ཀྲེ་ཅང་ཧྥེང་ཆའོ་ཡི་ལས་བྱེད་པ་དང་མང་ཚོགས་ཚོས་གསར་དུ་བཏོད་པའི“མང་ཚོགས་ལ་བརྟེན་ནས་འགལ་བ་རང་སར་འདུམ་ཐབས་བྱེད་པའི”“ཧྥེང་ཆའོ་ཉམས་མྱོང”ནི་རྒྱལ་ཡོངས་ཀྱི་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དར་ཆ་ཞིག་ཏུ་གྱུར། 
   དུས་རབས་གསར་པར་ཧྥེང་ཆའོ་ཡི་གཏམ་རྒྱུད་གསར་པ་གང་དག་ཡོད་དམ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་གཞི་རིམ་དུ་བསྐྱོད་ནས་ལས་བྱེད་དང་མང་ཚོགས་ཀྱི་འཚོལ་ཞིབ་གསར་པ་དང་། ལག་ལེན་གསར་པ། ཕན་འབྲས་གསར་པ་བཅས་ལ་བརྟག་ཞིབ་བྱས། 
    པེ་ཅིང་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345བརྒྱུད་ནས་དམངས་འཚོའི་བྱ་བ་ཁྲི་སྟོང་དུ་མ་བསྒྲུབས་པ་དང་། ཤིན་ཅང་ཁ་ལ་མ་ཀའེ་ཁྲིམས་རའི་སྤྱི་ལེ་སྨི་གྲུ་བཞི་མ་ཁྲི་3གྱི་ཁོངས་གཏོགས་ས་ཁུལ་དུ་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་སེམས་ཀྱི་འགལ་ཟླ་སེལ་ཡོད། 
   ཧྥུའུ་ཅན་ཞ་ཕུའུ་ཡིས་མཚོ་ཐོག་སྡེ་ཁུལ་གྱི་རིག་ནུས་ལས་སྟེགས་ལ་བརྟེན་ནས“མཚོ་ཐོག་ཏུ་གནས་ལུགས་དཔྱད་བརྗོད”བྱས་པ་དང་། ཧོ་ནན་ཤིན་ཤང་གི“ཨ་ཞང་ཚང”གི“5+5”ཡི་འགལ་བ་འདུམ་འགྲིག་བྱེད་ཐབས། དེ་ནས་ཧྥེང་ཆའོ་མངགས་གཏོང་ཁང་གི“རྐུབ་སྟེགས་ཉེན་དོན་པ”སྟེ། “ཁྱིམ་སྒོར”འཛུལ་ཐུབ་ཅིང“སེམས་སྒོ”འབྱེད་ཐུབ་པ་སོགས……
   དོན་ཆུང་གྲོང་སྡེ་ནས་ཐག་ཆོད་པ་དང་། དོན་ཆེན་གྲོང་རྡལ་ནས་ཐག་ཆོད། འགལ་བ་གོང་རིམ་ལ་མི་སྤྲོད་པ་བྱས། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་འདུམ་འགྲིག་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གཞི་རིམ་དུ་འགལ་བ་དང་ཉེན་ཁ་སྔོན་འགོག་དང་འདུམ་ཐབས་བྱེད་གང་ཐུབ་བྱས་ཡོད།
   ད་ལོ་ནི་བློ་མཐུན་མའོ་ཙེ་ཏུང་གིས“ཧྥེང་ཆའོ་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་བྱེད་པར་མཆན་བཀོད་གནང་ནས་ལོ་ངོ་60འཁོར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་མཛུབ་སྟོན་གནང་ནས་ལོ་ངོ་20འཁོར་བ་རེད། ལོ་ངོ་དྲུག་ཅུ་བརྒལ་རྗེས། ཧྥེང་ཆའོ་ཉམས་མྱོང་དུས་བསྟུན་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་དུ་རྩ་བ་ཚུགས་ཤིང་བརྟན་པོར་གནས་ཡོད། 
   རྒྱལ་ཁབ་བདེ་བར་སྐྱོང་བའི།། གལ་གནད་གཞི་རིམ་ལ་ཡོད།། “ཧྥེང་ཆའོ་ཡི་གཏམ་རྒྱུད་གསར་པའི”མུ་འབྲེལ་དངོས་བྲིས་འདོན་ལ་ཉེ་བས། དུས་རབས་གསར་པར“ཧྥེང་ཆའོ་ཉམས་མྱོང”གི་ཡིད་དབང་འཕྲོག་ཤུགས་གསར་པ་དེ་བདེན་དཔང་བྱེད་ངེས།