༄༅།།འཕུར་མདའི་འཇབ་རྒོལ་ཐེབས་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་06ཉིན། 17:28】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཡུག་རེན་དྲག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་གཞུང་ལས་ཁང་གི་འཐབ་ཇུས་འཕྲིན་གཏོང་པུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གྱི་དགོང་མོར། ཡུག་རེན་དྲག་དཔུང་གིས་ཁའེ་ཁྲི་“མཚོ་ཁུག་”གི་གྲུ་གཟིངས་བཟོ་གྲྭ་དང་གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་བྱས་ཐུབ་ཡོད།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་དོན། ཡུག་རེན་དྲག་དཔུང་གིས་ཚེས་4ཉིན་ཁའེ་ཁྲི་“མཚོ་ཁུག་”གྲུ་གཟིངས་བཟོ་གྲྭར་སྐོར་ཞིབ་འཕུར་མདའ་15བཏང་། ཨུ་རུ་སུའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་དེའི་ནང་གི་13གཏོར་བ་དང་། གྲུ་གཟིངས་བཟོ་གྲྭའི་ནང་དུ་བསྡད་པའི་གྲུ་གཟིངས་ཤིག་ལ་སྐོར་ཞིབ་འཕུར་མདའ་ཕོག་ནས་གནོད་སྐྱོན་ཐེབས་ཡོད།