༄༅།།ཡུལ་འདིར་གནའ་གྲོང་གི་རྗེས་ཤུལ་ཞིག་རྙེད་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་06ཉིན། 14:52】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
མོ་རོ་ཁོའི་གཞོན་ནུ་དང་། རིག་གནས། གསར་འགྱུར་པུའུ་བཅས་ཀྱིས་ཚེས་3ཉིན་རྒྱལ་ས་ར་པ་ཐེའི་གནའ་རྫས་རྟོག་ཞིབ་བྱ་ཡུལ་ཞིག་ཏུ་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་དེའི་གནའ་རྫས་རྟོག་ཞིབ་ལས་དོན་པས་ཉིན་ཤས་གོང་དེ་གར་ད་བར་ལོ་ངོ་1800ཙམ་གྱི་གནའ་བོའི་གྲོང་ཁྱེར་གྱི་རྗེས་ཤུལ་ཞིག་རྙེད་པ་རེད། གནའ་གྲོང་གི་རྗེས་ཤུལ་དེ་ལྷ་པ་ཐེའི་སྐད་གྲགས་ཆེ་བའི་གནའ་ཤུལ་ཧྲི་ལཱ་ཞིག་རོ་དང་ཐག་ཉེ་པོ་ཡོད་པ་དང་། དེའི་ལོ་རྒྱུས་སྤྱི་ལོའི་དུས་རབས་2པའི་གནའ་བོའི་རོ་མའི་དུས་སྐབས་བར་ཁུངས་འདེད་ཐུབ་པ་དང་ད་བར་ལོ་ངོ་1800ཙམ་གྱི་ལོ་རྒྱུས་ལྡན།