༄༅།།གནའ་དངུལ་མང་པོ་རྙེད་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་06ཉིན། 13:39】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་11ཚེས་4ཉིན་དབྱི་ཐ་ལིའི་རིག་གནས་པུའུ་ཡིས་བསྒྲགས་དོན། ཆུར་འཛུལ་པ་ཞིག་གིས་མཁོ་འདོན་བྱས་པའི་གནས་ཚུལ་ལ་བརྟེན་ས་ཏིང་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ནང་ནས་སྤྱི་ལོའི་དུས་རབས་བཞི་པའི་དུས་སྟོད་ཀྱི་ལིའི་སྒོར་མོ་གང་མང་རྙེད་པ་རེད།
ལས་སྒྲུབ་མི་སྣས་སྔར་བཞིན་གནའ་དངུལ་འདི་དག་ལ་ཞིབ་བཤེར་བྱེད་བཞིན་ཡོད། དབྱི་ཐ་ལིའི་རིག་གནས་པུའུ་ཡིས་སྒོར་མོའི་ལྗིད་ཚད་ལ་གཞིགས་ནས་ཚོད་རྩིས་བྱས་པ་ལྟར་ལི་སྒོར་ཁྲི་3ནས་ཁྲི་5བར་ཡོད།
དབྱི་ཐ་ལིའི་རིག་གནས་པུའུ་ཡིས་གསལ་བསྒྲགས་ནང་། “སྒོར་མོ་ཚང་མ་ཉར་ཚགས་ཧ་ཅང་ཡག་པོ་བྱས་འདུག”ཅེས་བཤད། རིག་གནས་པུའི་རིགས་གཅིག་མཁས་ཅན་གྱིས་ཚོད་དཔག་བྱས་པར་གཞིགས་ན། གནའ་དངུལ་དེ་དག་ཪྙེད་སའི་ཉེ་འཁོར་ཏུ་བྱིང་གྲུའི་ཆག་རོ་རྙེད་ཤས་ཆེ་ཟེར།