འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདིས་གོ་ལ་ཧྲིལ་བོར་ཉེན་ཁ་བཟོ་སྲིད་པའི་ཐ་ཚིག་བསྒྲཊ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་03ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་2ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁེ་ཡིས་སྐབས་དང་པོའི་གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་(AI)བདེ་འཇགས་དབུ་ཚོགས་ཚོགས་འདུའི་སྐབས། AIཡིས་མིའི་རིགས་ལ་ཉིང་རྡུལ་མཚོན་ཆའི་དམག་འཁྲུག་གི་གཞི་ཁྱོན་དང་འདྲ་བའི་ཉེན་ཁ་བཟོ་སྲིད་ཅེས་ཐ་ཚིག་བསྒྲགས།
     གནས་འཕྲིན་སྤེལ་བར་གཞིགས་ན། སུའུ་ན་ཁེ་ཡིས་ཁོང་གིས་སྔོན་ཐོན་གྱི་AIདཔེ་དབྱིབས་ཀྱིས་སྤྱི་དམངས་ལ་བཟོས་པའི་ཉེན་ཁར་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་བཤད། ཁོང་གིས་“དེས་ནད་ཡམས་ཆེན་པོ་དང་ཉིང་རྡུལ་མཚོན་ཆའི་དམག་འཁྲུག་གི་གཞི་ཁྱོན་དང་འདྲ་བའི་ཉེན་ཁ་བཟོ་སྲིད་པའི་ཡིད་ཆེས་ཡོད”ཅེས་བཤད།
     གནས་འཕྲིན་ནང་ད་དུང་། སུའུ་ན་ཁེའི་ལྟ་བ་དེས་ཨ་རིའི་ཁེ་ལས་པ་མ་སི་ཁེའི་བཤད་ཚུལ་ལ་རམ་འདེགས་བྱས་པ་རེད་ཟེར། དེའི་སྔོན་ལ་མ་སི་ཁེས་ཚོགས་འདུའི་ཐོག་མིས་བཟོས་རིག་ནུས་ནི“མིའི་རིགས་ཀྱི་འཇིགས་སྐུལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན”ཞེས་བཤད། 
     དེ་གོང་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་1ནས་ཚེས་2ཉིན་བར། གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་བདེ་འཇགས་དབུ་ཚོགས་སྐབས་དང་པོ་དབྱིན་ཇིའི་པུའུ་ལའེ་ཆི་ལི་གླིང་དུ་འཚོགས་པ་རེད། ཨ་རི་དང་། དབྱིན་ཇི། ཡོ་རོབ་མནའ་འབྲེལ་སོགས་ཕྱོགས་མང་པོའི་འཐུས་མིས་ཉིན་གཉིས་ཀྱི་ཚོགས་ཡུན་ནང་མིས་བཟོས་རིག་ནུས་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་ལས་བྱུང་བའི་ཉེན་ཁ་དང་གོ་སྐབས་ལ་གྲོས་བསྡུར་བྱས།