འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རི་དང་ཁ་ན་ཏའི་དམག་གྲུ་ཐའེ་ཝན་མཚོ་འགག་སྒྲོལ་བའི་ཐད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་03ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་རི་དང་ཁ་ན་ཏའི་དམག་གྲུ་ཐའེ་ཝན་མཚོ་འགག་སྒྲོལ་བར་གཏམ་བཤད་སྤེལ། 
ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཞའོ་དམག་དཔོན་ཧྲི་དབྱི་ཡིས་ཟླ་11ཚེས་1ཉིན་ཨ་རིའི་“ཕེ་ལར་ཐ་”རྟགས་ཅན་གྱི་མཐར་སྐྲོད་དམག་གྲུ་དང་ཁ་ན་ཏའི་“ཨོ་ཐེ་ཝ་”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཐའེ་ཝན་མཚོ་འགག་སྒྲོལ་ནས་བཏང་བ་དང་སྦིར་བསྒྲགས་བྱེད་ཀྱི་འདུག་ཅེས་བཤད།    ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་དང་མཁའ་དབྱིངས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་དང་ཉེན་ཟོན་བྱས་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་པ་རེད། འཐབ་ཁུལ་གྱི་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཧ་ཅང་ཆེན་པོར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་རེད།