༄༅།།ཨ་རིས་འདི་ནས་ཁྲིམས་འགལ་ངང་རྡོ་སྣུམ་བརྐུས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་02ཉིན། 15:35】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་1ཉིན། ཨ་རིས་སི་རི་ཡའི་ཁྲིམས་འགལ་བཅའ་སྡོད་དམག་དཔུང་དུ་སི་རི་ཡའི་བྱང་རྒྱུད་སྣུམ་ཞིང་གི་རྡོ་སྣུམ་བརྐུས་པ་མ་ཟད། སྣུམ་སྣོད་རླངས་འཁོར་55སྤྱད་དེ་སོ་སོར་ཝ་ལི་ཏེ་རྒྱལ་མཚམས་བརྒལ་ས་དང་མ་ཧ་མའོ་ཏེ་རྒྱལ་མཚམས་བརྒལ་ས་བརྒྱུད་དེ། དབྱི་རག་ཏུ་གནས་པའི་ཨ་རིའི་དམག་དཔུང་གི་རྟེན་གཞིར་བསྐྱོད་པ་རེད།