འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཛ་དྲག་གི་དྲན་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་02ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན། ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཛ་དྲག་གི་གཞུང་ཚབ་དོན་གཅོད་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས། ཨ་ཧྥུ་ཀ་ནི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིས་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད། 
    ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ལ་ཉེ་ཆར་སྡོད་གནས་དང་ལས་ཀ་བྱེད་སའི་མཐའ་འཁོར་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས། རྒྱུན་ལྡན་མིན་པ་ཤེས་ཚེ་འཕྲལ་དུ་ཉེན་བརྡ་གཏོང་བའམ་ཡང་ན་གཞུང་ཚབ་ཁང་ལ་འབྲེལ་གཏུག་བྱེད་རོགས་ཞེས་ཛ་དྲག་གི་དྲན་སྐུལ་བྱས་པ་རེད། དུས་མཚུངས་སུ་དགོས་མེད་ཀྱི་ཕྱིར་སྐྱོད་བྱེད་སྒོ་ཉུང་དུ་གཏོང་དགོས། གལ་ཏེ་དངོས་གནས་ཕྱི་ལ་འགྲོ་དགོས་ན་བདེ་འཇགས་ལ་དོགས་ཟོན་ཡག་པོ་བྱས་ནས། མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། 
    གལ་ཏེ་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་ན། དུས་ཐོག་ཏུ་ཉེན་བརྡ་གཏོང་དགོས་པ་མ་ཟད་ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་འབྲེལ་གཏུག་བྱ་རོགས། 
    ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉེན་བརྡ་གཏོང་བའི་ཁ་པར་ཨང་གྲངས། 119 
    ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་བསྟུན་ཐད་སྦྲེལ་ཁ་པར་(ཆུ་ཚོད་24)+86-10-12308དང་ཡང་ན+86-10-65612308
    ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ཁ་པར། +93(0)700483276