འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་དམངས་ཤོག་སྒོར་གྱིས་རྩིས་སྤྲོད་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་02ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན། ཨ་ཀེན་ཐིན་དཔལ་འབྱོར་པུའུ་ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དུས་ཚོད་ཐིམ་པའི་ཕྱི་བུན་དང་སྐྱེད་ཀ་ཨ་སྒོར་དུང་ཕྱུར་34ཙམ་འཇལ་རྒྱུ་ཡིན་ཞིང་། དེའི་ནང་བུ་ལོན་ཁག་ཅིག་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་དངུལ་ལོར་བརྗེ་རེས་གྲོས་མཐུན་འོག་གི་རིན་ཐང་མཚུངས་པའི་མི་དམངས་ཤོག་སྒོར་སྤྱད་དེ་སྤྲོད་རྒྱུ་ཡིན་པ་རེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། ཨ་ཀེན་ཐིན་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བར་བཞག་པའི་བུ་ལོན་བསྐྱར་སྒྲིག་གི་གྲོས་མཐུན་གཞིར་བཟུང་། ཨ་ཕྱོགས་ཀྱིས་ཟླ་10ཚེས་31ཉིན་གྱི་ཉིན་དེར་རྩ་འཛུགས་དེའི་དུས་ཚོད་ཐིམ་པའི་ཕྱི་བུན་ཨ་སྒོར་དུང་ཕྱུར་26ཙམ་འཇལ་དགོས་ཀྱི་ཡོད། ཟླ་11པའི་ཚེས་1ཉིན་དུས་ལ་ཐོན་པའི་འབྲེལ་ཡོད་སྐྱེད་ཀ་ཕལ་ཆེར་ཨ་སྒོར་དུང་ཕྱུར་8སྤྲོད་དགོས། ཨ་ཀེན་ཐིན་སྲིད་གཞུང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་དམིགས་བསལ་དངུལ་ལེན་དབང་ཆ་དང་། མི་དམངས་ཤོག་སྒོར་བསྡོམས་རྩིས་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བུ་ལོན་དེ་སྤྲོད་རྒྱུའི་འཆར་གཞི་ཡོད་པ་རེད། 
     ཨ་ཀེན་ཐིན་གྱིས་2009ལོར་ཀྲུང་གོ་དང་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། དེའི་རྗེས་སུ་བརྗེ་རེས་ཀྱི་གྲངས་འབོར་གཅིག་རྗེས་གཉིས་མཐུད་ངང་ཆེ་རུ་བཏང་བ་དང་། མིག་སྔར་བརྗེ་རེས་ཀྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་1300ཡིན། ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་ཨ་ཀེན་ཐིན་གྱིས་ཐོག་མར་མི་དམངས་ཤོག་སྒོར་སྤྱད་དེ་དུས་ཐིམ་པའི་ཕྱི་བུན་འཇལ་སྤྲོད་བྱས་པ་རེད།