འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཨ་ཕྱོགས་གཉིས་ཀ་འདིའི་ཐད་མོས་མཐུན་བྱུང་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་02ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་11ཚེས་1ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་དཔོན་རིགས་ཀྱིས་ཀྲུང་ཨ་ཕྱོགས་གཉིས་པོ་རྩ་དོན་ཐོག ཅིའུ་ཅིན་ཧྲན་དུ་ཀྲུང་ཨའི་གཙོ་བདག་ཐུག་འཕྲད་བྱ་རྒྱུའི་མོས་མཐུན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་གནས་ཚུལ་དེ་ར་སྤྲོད་ཐུབ་བམ་ཞེས་དྲིས།
   ཝང་ཝུན་པིན་གྱིས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ཅིའུ་ཅིན་ཧྲན་དུ་གཙོ་བདག་ཐུག་འཕྲད་ལམ་ལྷོང་ཡོང་བར་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུའི་མོས་མཐུན་བྱས་ཡོད། དེ་དང་ཆབས་ཅིག ཉིན་ཤས་གོང་། ཀྲུའུ་རེན་ཝང་དབྱིས་ཨ་རིར་འཚམས་འདྲི་གནང་སྐབས། ཅིའུ་ཅིན་ཧྲན་དུ་སྐྱོད་རྒྱུ་“རང་འགུལ་འཁོར་ལོར་བརྟེན་མི་རུང་བར་”ཕྱོགས་གཉིས་པོས་“པ་ལི་གླིང་ཕྲན་དུ་བསྐྱར་ལོག་”བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། འགོག་རྐྱེན་སེལ་བ་དང་། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ། གྲུབ་འབྲས་གསོག་འཇོག་བཅས་བྱེད་དགོས་ཞེས་བཤད།