འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གློག་བརྙན《གཅིག་དང་བཞི》ཡི་ངོ་འཕྲད་མཛད་སྒོ་ལྷ་སར་སྤེལ།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་31ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གློག་བརྙན《གཅིག་དང་བཞི》ཡི་ངོ་འཕྲད་མཛད་སྒོ་ལྷ་སར་སྤེལ།
   ཚེས་29ཉིན། གློག་བརྙན《གཅིག་དང་བཞི》ཡི་ཆེད་སྟོན་དང་གཙོ་ཁྲིད་པ་ངོ་འཕྲད་མཛད་སྒོ་ལྷ་ས་གྲོང་ཁྱེར་བོད་ལྗོངས་གློག་བརྙན་ཐོག་ཁང་ཆེན་མོར་སྤེལ་བ་རེད།   
   གློག་བརྙན་དེ་ནི་བོད་ཀྱི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་གི་སྒྲུང་ཐུང་བཅོས་སྒྲིག་བྱས་པ་ཡིན་ཞིང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་མཇུག་གི་ཉིན་ཞིག་ལ་ཁ་བ་བུ་ཡུག་འཚུབ་པའི་མཚོ་བོད་ས་མཐོའི་གདོད་མའི་ནགས་ར་ཞིག་ཏུ། ཉེན་རྟོག་པས་ལྐོག་རྔོན་རྒྱག་མཁན་བདའ་འདེད་བྱེད་པའི་གྱོད་གཞིའི་ནང་དུ་ནགས་སྲུང་བ་ཞིག་དབང་མེད་དུ་ཚུད་པའི་གཏམ་རྒྱུད་ཅིག་བཤད་ཡོད། 
   འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱི་བརྩམས་ཆོས་ཐོག་མ་ཡིན་པའི་གློག་བརྙན་འདིའི་ནང་དུ་ནུབ་རྒྱུད་དང་། ཉེན་རྟོག་པ་དང་ཇག་པ། དོགས་འཆར་སོགས་གཞི་རྒྱུ་མང་པོ་འདུས་ཡོད་པ་མ་ཟད། གློག་བརྙན་ནང་ད་དུང་དེ་སྔའི་བོད་ཀྱི་རིག་རྩལ་གློག་བརྙན་ཁྲོད་མཐོང་དཀོན་པའི་བཟོ་ལས་ངོ་མའི་བཟོ་རྩལ་དང་བྱང་ཆ་ལྡན་པའི་གློག་བརྙན་བཟོ་སྟངས་མངོན་ཡོད་པ་རེད། གློག་བརྙན་བསྟན་རྗེས་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་དང་། འཁྲབ་སྟོན་པ་ཀུན་བསྟན། ཚེ་རྡོར་སོགས་ཡུལ་དངོས་སུ་ཡོང་ནས་གློག་བརྙན་ལ་དགའ་མཁན་གྲོགས་པོ་ཚོ་དང་མཉམ་དུ《གཅིག་དང་བཞི》ཡི་སྐོར་གླེང་མོལ་བྱས། 
༄༅།།གློག་བརྙན《གཅིག་དང་བཞི》ཡི་ངོ་འཕྲད་མཛད་སྒོ་ལྷ་སར་སྤེལ།