འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་བ།

——ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་214ཐོབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་30ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་བ།
     འདི་ནི་ཟླ་10ཚེས་28ཉིན་གྱི་དགོང་མོའི་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་མཇུག་འགྲིལ་མཛད་སྒོའི་རྣམ་པ་ཡིན་པ། སྐབས་འདིའི་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་44ནས་ཡོང་བའི་དབང་སྐྱོན་ལུས་རྩལ་པ་3100ལྷག་ཙམ་གྱིས་འཛམ་གླིང་ལ་དྲོ་སྐྱིད་ལྡན་པ་དང་ངོ་མཚར་ཆེ་བའི་ལུས་རྩལ་འགྲན་ཚོགས་ཀྱི་སྟོན་མོ་ཞིག་བཤམས་ནས། ཁྱོན་འཛམ་གླིང་གི་ཟིན་ཐོ་21དང་། ཨེ་ཤེ་ཡའི་ཟིན་ཐོ་72 འགྲན་ཚོགས་ཀྱི་ཟིན་ཐོ་283བཅས་གཏོད་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་འགྲན་ཞུགས་ལུས་རྩལ་པ་439ལ་གསེར་གྱི་རྟགས་མ་214དང་། དངུལ་གྱི་རྟགས་མ་167 ཟངས་ཀྱི་རྟགས་མ་140བཅས་ཁྱོན་གཟེངས་བསྟོད་རྟགས་མ་521ཐོབ་ཡོད་ཅིང་། གསེར་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མའི་བང་རིམ་གཉིས་ཀའི་ཨང་དང་པོ་ཡིན་པ་མ་ཟད། ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཀྱང་བཏོད་ཡོད་པ་རེད།