འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་ནས(རྩམ་པ)ལ་འཛམ་གླིང་གི་ཨང་དང་པོ་ཐོབ་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་27ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་ནས(རྩམ་པ)ལ་འཛམ་གླིང་གི་ཨང་དང་པོ་ཐོབ་འདུག
   འཇར་མན་གྱི་དུས་ཚོད་2023ལོའི་ཟླ་10ཚེས་24ཉིན་གྱི་ཆུ་ཚོད་17:30ཐོག  ཀྲུང་གོའི་འཐུས་མི་རུ་ཁག་ལ་IBAའཛམ་གླིང་གོར་སོབ་བཟོ་བའི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པ་མ་ཟད། རྣམ་གྲངས་རྐྱང་པ་གཉིས་ཀྱི་ཨང་དང་པོ་ཐོབ་ནས། ཧྥ་རན་སེ་དང་། ལྗར་པན། འཇར་མན་སོགས་སྲོ་སྐམ་གཡོས་སྦྱོར་ལ་སྐད་གྲགས་ཡོད་པའི་རྒྱལ་ཁབ་དག་ལས་རྣམ་པར་རྒྱལ་ཏེ།  སླར་ཡང་ཨང་དང་པོ་ཐོབ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད། 
    ད་ཐེངས་ཀྱི་འཛམ་གླིང་གོར་སོབ་འགྲན་བསྡུར་མུའུ་ཉི་ཧེ་སྲོ་སྐམ་གཡོས་སྦྱོར་འགྲེམས་སྟོན་ལྟེ་གནས་སུ་གཉེར་བ་དང་། མུའུ་ཉི་ཧེ་སྲོ་སྐམ་འགྲེམས་སྟོན་ནི་1949ལོར་གཉེར་འགོ་ཚུགས་པ་དང་། དེ་ནི་འཛམ་གླིང་སྔོན་ཐོན་གྱི་སྲོ་སྐམ་ལས་རིགས་ཀྱི་འགྲེམས་ཚོགས་ཤིག་ཡིན་ཞིང་། IBAའཛམ་གླིང་གོར་སོབ་འགྲན་བསྡུར་དེ་ནི་འཇར་མན་གྱི་སྲོ་སྐམ་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་སྤྱིའི་སྲོ་སྐམ་མ་བྱན་དང་མངར་ཟས་མ་བྱན་མནའ་འབྲེལ་གྱིས་མཉམ་འབྲེལ་ཐོག་སྒྲུབ་པའི་འཛམ་གླིང་གི་གོར་སོབ་འགྲན་བསྡུར་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་ཐོག་གི་སྲོ་སྐམ་མ་བྱན་རྩེ་གྲས་འཛོམས་ཡོད། 
    ད་ཐེངས་འགྲན་སྡུར་ལ་ཞུགས་མཁན་ཀྲུང་གོའི་འཐུས་མི་རུ་ཁག་གི་བཅུད་འཛོམས་ཞིང་བདེ་ཐང་ཡིན་པའི་གོར་སོབ་ལ་ཧྲང་ཧའེ་བོད་སྐྱོར་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གཞིས་རྩེ་བོད་ལྗོངས་ཞིབ་འཇུག་བཟའ་བཅའ་ཚད་ཡོད་ཀུང་སིས་མཉམ་དུ་གསར་སྤེལ་དང་མཁོ་འདོན་བྱས་པའི་གཞིས་རྩེའི་ནས་བསྙལ་བའི་ས་བོན་དང་ནས་ཕྱེ་སྤྱད་ཡོད་པ་དང་། དེ་བཞིན་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་མཉམ་དུ་བསྲེས་པས། འཛམ་གླིང་ལ་ཀྲུང་གོའི་གོར་སོབ་ཀྱི་ཐུན་མོང་མ་ཡིན་པའི་ཆ་མངོན་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་སྲོ་སྐམ་ལས་རིགས་ཀྱི་རྒྱུན་སྤྱོད་གྲོ་ཞིབ་མང་ཆེ་བ་ནུབ་ཕྱོགས་རྒྱལ་ཁབ་ཆེ་ཁག་ནས་ཐོན་གྱི་ཡོད། ད་ཐེངས་བོད་ནས་ཐོན་པའི་ནས་ཕྱེ་འཛམ་གླིང་གི་འགྲན་སྡུར་ལ་ཞུགས་པ་མ་ཟད་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ་དེས་ས་མཐོའི་བདེ་ཐང་གི་བཟའ་བཅའ་འདིར་འཛམ་གླིང་སྲོ་སྐམ་ལས་རིགས་ཀྱི་ཁས་ལེན་ཐོབ་པ་མ་ཟད། སྲོ་སྐམ་ལ་སྤྱོད་པའི་གྲོ་ཞིབ་ལ་གདམ་ག་གསར་པ་ཞིག་ཀྱང་མཁོ་འདོན་བྱས་ཡོད།
    ནས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་ཤིག་ཡིན་ཞིང་། སྔར་ནས་ད་བར་བོད་མིས་དགའ་པོ་བྱེད་པའི་ཟས་རིགས་ཤིག་ཡིན།  བཟའ་བཅའི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་པའི་དེང་གི་སྤྱི་ཚོགས་སུའང་ནས་ནི་བདེ་ཐང་གི་བཟའ་བཅའ་ཞིག་ལ་བརྩི་བཞི་ཡོད། དེ་ལ་བཟའ་བཅའི་ཚི་སྣའི་རིགས་མང་པོ་འདུས་ཡོད་ལ། དེ་ལ་ཕུན་སུམ་ཚོགས་པའི་β- རྒུན་འདུས་ཧྭགས་དང་འཚོ་བཅུད་རིགས་མང་པོ་དང་ཚད་ཉུང་མ་རྒྱུ་འདུས་ཤིང་། མངར་ཆ་དམའ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཡུན་རིང་པོར་ཟས་ནའང་ལས་སླ་པོར་རྒྱགས་པར་ཆགས་མི་སྲིད།
    ཧྲང་ཧའེ་བོད་སྐྱོར་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་འགྲན་སྡུར་ལ་ཨང་དང་པོ་ཐོབ་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་སྲོ་སྐམ་ཐད་ཀྱི་ནུས་པ་མངོན་ཡོད་པ་མ་ཟད། འཛམ་གླིང་ལ་བོད་ཀྱི་ནས་སོན་ལེགས་སུ་གཏོང་བའི་ལག་རྩལ་གྱི་ཕུལ་བྱུང་གྲུབ་འབྲས་མངོན་པར་བྱས་ཡོད། སླད་ཕྱིན་བོད་ཀྱི་ནས་ལ་མི་དེ་བས་མང་པོས་ངོས་འཛིན་དང་ཁས་ལེན་འཐོབ་པའི་ཡིད་ཆེས་ཡོད་ཅེས་བཤད།