༄༅།།ཤིང་རྟ་འཁོར་ལོ་བཞི་ཅན་སྔ་ཤོས་དེ་རྙེད་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་26ཉིན། 14:06】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

གསར་འགོད་པས་སྐབས་བཞི་པའི་གནའ་རྫས་རྟོག་ཞིབ་རིག་པའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། གོང་མ་ཆིན་ཧྲི་ཧོང་གི་བང་སོ་ནུབ་མའི་གནའ་རྫས་རྟོག་ཞིབ་སྔོག་འདོན་ཁྲོད། བྱང་གི་དུར་ལམ་དུ་ཤིང་རྟ་འཁོར་ལོ་བཞི་ཅན་ཞིག་ཡོད་ཅིང་དེའི་ཐོག་གྲུ་བཞི་ནར་མོའི་དབྱིབས་ཀྱི་ཆར་གདུགས་ཆ་ཚང་ཞིག་ཡོད། ཤིང་རྟ་འཁོར་ལོ་བཞི་ཅན་དེ་ནི་མིག་སྔར་རྒྱལ་ནང་དུ་ཤེས་རྟོགས་བྱུང་སྔ་ཤོས་ཀྱི་དངོས་རྫས་ཀྱི་རྒྱུ་ཆ་ཡིན་པ་དང་། ཐེངས་དང་པོ་ཤེས་རྟོགས་བྱུང་བ་ཡིན་ཞིང་། སྔ་མའི་བང་སོར་པུར་འཇུག་བྱས་པའི་ཤིང་རྟ་འཁོར་ལོ་ཆེ་གྲས་ཞིབ་འཇུག་བྱེད་པར་རྒྱུ་ཆ་ཨང་དང་པོ་མཁོ་འདོན་བྱས་ཡོད།
དུར་རྫས་སྔོག་འདོན་བྱས་པ་བརྒྱུད། གནའ་རྫས་རྟོག་ཞིབ་པས་དེ་དག་གི་ངོ་བོ་ནི་ཤིང་རྟ་འཁོར་ལོའི་དུར་རྫས་ཡིན་པ་ངོས་བཟུང་ཞིང་། དུར་དོང་གསུམ་ནས་རྙེད་པའི་བཟོ་དབྱིབས་འདྲ་མིན་གྱི་ཤིང་རྟ་འཁོར་ལོ་དང་གྲངས་འབོར་མི་འདྲ་བའི་འཁོར་རྟ་ཐོན་ཡོད་པ་དང་། འཁོར་མདའ་ཁེར་རྐྱང་དང་འཁོར་མདའ་ཆ་ཅན་གྱི་བེད་སྤྱོད་དང་ནུས་པར་དཔྱད་གཞི་གསར་པ་མཁོ་འདོན་བྱས་ཡོད། དེ་དང་མཉམ་དུ་ཐོན་པའི་ཤིང་རྟ་ལུག་དྲུག་མ་ཡང་མཐོང་དཀོན་པོ་རེད། དེ་ནི་དངོས་པོ་དེ་རིགས་ཪྙེད་ཐེངས་སྔ་པོ་ཞིག་ཡིན་པ་དང་། དེས་འཁོར་རྟའི་དུར་རྫས་སྔོག་འདོན་ཐད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།
