འཚོལ་བཤེར།   
藏文频道
2023ལོའི་ཟླ་10ཚེས་26ཉིན།

༄༅།།རིག་དངོས་རྩ་ཆེན་འདི་དག་ཀྲུང་གོར་ཕྱིར་བསློགས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་26ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རིག་དངོས་རྩ་ཆེན་འདི་དག་ཀྲུང་གོར་ཕྱིར་བསློགས་འདུག
   ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་25ཉིན་གྱི་སྔ་དྲོ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་དབང་ཆ་སྤྲད་པ་བརྒྱུད། ་ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཛད་སྒོ་ཚུགས་ནས། ཨོ་སི་ཁྲུ་ལི་ཡས་ངེད་ཕྱོགས་ཀྱི་བོར་བརླག་ཏུ་སོང་བའི་རིག་དངོས་སྒྱུ་རྩལ་4དང་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་གཅིག་བཅས་ཕྱིར་བསློགས་པ་རྩིས་ལེན་བྱས་པ་རེད།
   ད་ཐེངས་ཕྱིར་བསློགས་རིགས་ནི་ནང་རྒྱལ་རབས་བྱང་མ་ནས་ཐང་རྒྱལ་རབས་བར་གྱི་ཚོན་བྲིས་རྫ་བཟོས་མི་སྣའི་རྟ་བཞོན་དུར་རྫས་དང་། སུའེ་རྒྱལ་རབས་དུས་མཇུག་ནས་ཐང་རྒྱལ་རབས་བར་གྱི་ལི་མའི་སྐུ་བརྙན། ཀྲུའུ་ལུའོ་ཧྲི་དུས་རབས་གོང་མ་ནས་པེ་ཨེ་ཅི་དུས་རབས་བར་གྱི་འགྱུར་རྡོ་ཡིན་པ་དེ་དག་ཚང་མ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་སྒྱུ་རྩལ་པུའི་རིག་གནས་རྒྱུ་ནོར་དང་། ཉར་ཚགས་དངོས་པོ། རིག་དངོས་གཞུང་དོན་ཁང་བཅས་ཀྱིས་འགག་སྒོ་ནས་བཀག་པའི་དངོས་པོ་རེད།
【1】  【2】
༄༅།།རིག་དངོས་རྩ་ཆེན་འདི་དག་ཀྲུང་གོར་ཕྱིར་བསློགས་འདུག