༄༅།།ཨུ་རུ་སུས་ཉིང་རྡུལ་འཇིགས་སྐུལ་སྟོབས་ཤུགས་ནང་སྦྱོང་བྱེད་བཞིན་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་26ཉིན། 13:59】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་25ཉིན། ཨུ་རུ་སུའི་ཁེ་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱིས་དེ་ཉིན་འཐབ་ཇུས་ཀྱི་ཉིང་རྡུལ་འཇིགས་སྐུལ་སྟོབས་ཤུགས་ནང་སྦྱོང་བྱས་པའི་ཁྲོད་སྐམ་ས་དང་། མཚོ་དམག་མཁའ་དམག་བཅས་འཐབ་ཇུས་ཀྱི་ཉིང་རྡུལ་སྟོབས་ཤུགས་ཞུགས་ཡོད། དེའི་རིང་། མདེལ་ལམ་འཕུར་མདའ་དང་སྐོར་ཞིབ་འཕུར་མདེལ་འཕངས་ཡོད་ཅེས་འཁོད་ཡོད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བརྙན་ལམ་ཐོག་ནས་ད་ཐེངས་ཀྱི་ནང་སྦྱོང་ལ་གཟིགས་པ་རེད། ཨུ་རུ་སུའི་དམག་དཔུང་གིས་ཉིན་དེར་ཨུ་རུ་སུའི་ནུབ་བྱང་རྒྱུད་ཀྱི་ཕུའུ་ལེ་ཤེ་ཚེ་ཁེ་འཕེན་གཏོང་བྱ་ཡུལ་ནས། ཨུ་རུ་སུའི་ཤར་རྒྱུད་ཀྱི་ཁན་ཁྲ་ཅ་ཕྱེད་གླིང་གི་ཁུའུ་ལ་འབེན་རར་“ཡར་སི་”གླིང་སྐྱོད་མདེལ་ལམ་འཕུར་མདའ་ཞིག་འཕེན་གཏོང་བྱས་པ་དང་། “ཐུའུ་ལཱ་”རྟགས་ཅན་གྱི་འཐབ་ཇུས་ཉིང་རྡུལ་ཆུར་འཛུལ་དམག་གྲུས་པཱ་ལུན་ཀྲི་ཧའེ་མཚོ་ཁོངས་ནས་“མཐིང་ནག་”རྟགས་ཅན་གྱི་གླིང་སྐྱོད་མདེལ་ལམ་འཕུར་མདའ་ཞིག་འཕངས་པ་རེད། གཞན་ཡང་ཐུའུ་-95MSའཐབ་ཇུས་མདེལ་དབྱུག་གནམ་གྲུས་བར་སྣང་དུ་སྐོར་གཡེང་ཕུར་མདེལ་འཕངས་པ་རེད།