གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 10ཚེས་25ཉིན། 15:42】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གི་གནས་འཕྲིན་ལ་གཞིགས་ན། ལྷ་གྲུ་ཨང་བཅུ་བདུན་པ་ཟླ་10ཚེས་26ཉིན་གྱི་ཆུ་ཚོད་11དང་སྐར་མ་14ཐོག་འཕེན་གཏོང་བྱ་རྒྱུ་རེད།
བར་སྣང་ས་ཚིགས་བེད་སྤྱོད་དང་དར་སྤེལ་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་སྤྱི་ཁྱབ་བཀོད་འདོམས་པུས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ནི་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཞིན་ལིན་བཅས་འཇིག་རྟེན་འཕུར་སྐྱོད་པ་3ལས་གྲུབ་ཅིང་། ཐང་ཧུང་པོ་ཡིས་བཀའ་བརྡའི་འགོ་འཛིན་གྱི་འགན་ཁུར་ཡོད། ཚོ་ཆུང་ནང་ཁག་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པ་1དང་ཁག་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པ་2ཚུད་ཡོད་པ་དེ་ནི་བར་སྣང་ས་ཚིགས་འཛུགས་སྐྲུན་གྱི་ལས་འགན་སྤེལ་འགོ་ཚུགས་ཚུན། ཆ་སྙོམས་ལོ་ན་ཆུང་ཤོས་ཀྱི་འཇིག་རྟེན་འཕུར་བསྐྱོད་པའི་ཚོ་ཆུང་ཞིག་རེད།
པེ་ཅིང་གི་དུས་ཚོད་2023ལོའི་ཟླ་10ཚེས་25ཉིན་གྱི་ཆུ་ཚོད་11པར་འཇིག་རྟེན་འཕུར་སྐྱོད་པ་3གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་ཝིན་ཐེན་ཀོ་ཐོག་ཁང་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པར་མཉམ་དུ་ཐུག་འཕྲད་བྱ་རྒྱུ་རེད།
【1】
【2】