འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནའ་རྟོག་ལས་ཀ་འདི་ཚོད་ལྟ་ཁང་དུ་རྟོག་ཞིབ་བྱེད་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་25ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནའ་རྟོག་ལས་ཀ་འདི་ཚོད་ལྟ་ཁང་དུ་རྟོག་ཞིབ་བྱེད་འགོ་ཚུགས།
    ཟླ་10བའི་ཚེས་24ལ། ཀན་སུའུ་ལན་ཀྲོའུ་རུ་ལས་བྱེད་མི་སྣས་མ་ཅ་ཡོན་ཞི་རུང་དུར་ཚོགས་ཚོད་ལྟ་ཁང་དུ་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀ་སྒྲུབ་བཞིན་ཡོད། དུར་ཚོགས་དེ་ནི་མིག་སྔར་ཀྲུང་གོས་ཤེས་རྟོགས་བྱུང་བའི་རིམ་པ་མཐོ་ཤོས་ཀྱི་ཀྲན་གོའི་དུས་མཇུག་གི་ཞི་རུང་སྐུ་དྲག་གི་དུར་ས་ཡིན་པ་དང་། ཁྱོན་བང་སོ་78དང་། འཁོར་རིགས་ཀྱི་རྗེས་ཤུལ་69། སྤུས་ཀ་འདྲ་མིན་གྱི་རིག་དངོས་སྣ་ཚོགས་3600ལྷག་ཙམ་བཅས་ཐོན་ཡོད་པ་རེད། མིག་སྔར། གནའ་རྫས་རྟོག་ཞིབ་ལས་དོན་དེ་ཁང་པའི་ནང་གི་གནའ་རྫས་རྟོག་ཞིབ་དུས་མཚམས་སུ་སླེབས་པ་དང་། ཀན་སུའུ་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡིས་ཐུམ་བརྒྱབ་ནས་བླངས་པའི་དུར་སྒམ་ལ་ཚོད་ལྟ་ཁང་གི་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་ཡོད་པ་རེད།
༄༅།།གནའ་རྟོག་ལས་ཀ་འདི་ཚོད་ལྟ་ཁང་དུ་རྟོག་ཞིབ་བྱེད་འགོ་ཚུགས།