འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཙོད་འདེད་མཁན་མི་5ལ་ཆད་པ་བཅད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་25ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་ཆར། བོད་ལྗོངས་ནག་ཆུའི་རྩྭ་ཐང་ཞིག་ཏུ་རླངས་འཁོར་དཀར་པོ་ཞིག་གིས་གཙོད་འདེད་ཚུལ་ལ་དྲ་གྲོགས་ཚོས་དོ་ཁུར་ཆེན་པོ་བྱས། 
   2023ལོའི་ཟླ་10ཚེས་21ཉིན་གྱི་ཆུ་ཚོད་22ཙམ་ལ། ཤན་རྩ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་འཕྲལ་མར་མི་སྣ་སྒྲིག་འཛུགས་བྱས་ནས། གནས་ཡུལ་དེ་གར་ཐག་གཅོད་བྱེད་པར་བསྐྱོད་པ་དང་འབྲེལ་དོགས་ཡོད་རླངས་འཁོར་གྲལ་བཤེར་བྱས། ཚེས་22ཉིན་གྱི་ཆུ་ཚོད་0ཙམ་ལ། ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་ལེའང་ཆེ་གེ་མོ་སོགས་མི་5དཔལ་མགོན་རྫོང་ཁོངས་སུ་ཡོད་པ་གཏན་འཁེལ་བྱས་མཐར་དཔལ་མགོན་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག་དེ་དག་བཟུང་བ་རེད། འབྲེལ་ཡོད་གཏན་འབེབས་ལྟར། ལིའང་ཆེ་གེ་མོ་སོགས་མི་5པོ་སོ་སོར་སྲིད་འཛིན་གྱི་ཆད་པ་སྒོར་5000རེ་བཅད་པ་མ་ཟད། ཉེན་བརྡ་བཏང་ནས་སློབ་གསོའང་བརྒྱབ་པ་རེད།
   རང་བྱུང་སྲུང་སྐྱོང་ཁུལ་དུ་རང་དགར་བསྐྱོད་པ་དང་གཙོད་འདེད་ཀྱི་དོན་རྐྱེན་ཐོན་པ་ད་ཐེངས་གཅིག་པུ་མ་ཡིན་པར། ད་ལོའི་ཟླ་6ཚེས་24ཉིན་གྱི་ཆུ་ཚོད་16ཙམ་ལའང་། ནག་ཆུ་གྲོང་ཁྱེར་གཞུང་སྨད་གྲོང་རྡལ་མངགས་གཏོང་ཁང་ལ་ཅུས་ཀྱི་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་འབྱོར་བ་སྟེ། ཆོག་མཆན་མ་ཐོབ་ཀྱང་མི་ཞིག་གིས་རང་དགར་སེར་གླིང་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པ་མ་ཟད། གཙོད་འདེད་པས་ཉེས་ཅན་ཁོ་པ་དཔལ་མགོན་རྫོང་སྤྱི་བདེ་ཅུས་ཀྱིས་བཟུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་མྱུལ་ཞིབ་ནན་པོར་བྱས་པ་བརྒྱུད་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཡེ་སོགས་མི་9པོར་ཉེས་ཆད་སྒོར་1000རེ་བཅད་པ་མ་ཟད། ཉེས་བསགས་དང་འབྲེལ་བ་ཡོད་མིར་ཞིབ་བཤེར་ནན་པོར་བྱེད་འགན་དཀྲིས་པ་རེད།