འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱུད་གཅིག་ལམ་གཅིག་བརྒྱུད་ནས་ནི། ལམ་ཆེན་ཕྱོགས་སུ་མཉམ་དུ་བསྐྱོད། དར་གོས་ལམ་གསར་
མཚན་ཞགས་གཅིག་གིས་མཚོན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་19ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 


    རྒྱ་མཚོའི་ངོས་སུ་ཞོགས་པའི་ཉི་འོད་ཀྱིས་དར་གོས་ལམ་བུ་གསལ་བར་བྱས།
   ལན་ཡུན་ཀང་གྲུ་ཁ་རུ་དངོས་ཟོགའདོན་འཇུག་གི་ལས་སྒོ་སྤེལ་འགོ་ཚུགས། བྲེལ་འཚུབ་ཆེ་བའི་རྣམ་པ་མཚོ་ངོས་ཀྱི་འོད་ཟེར་དང་འགྲོགས།
   ཀྲེང་ཀྲོའུ་གནམ་གྲུ་ཐང་དུ་གནམ་གྲུས་གཤོག་པ་བརྐྱངས། ཨ་སྔོན་དབྱིངས་སུ་དར་གོས་ཉོ་ཚོང་བགྲོད་ལམ་གཏོད། 
   དབྱང་ལིན་དྲོད་ཁང་ནང་གི་ཤིང་འབྲས་སྔོ་ཚལ་དྲི་ཞིམ་གང་སར་འཐུལ། བློ་ལྡན་ཞིང་ལས་བཀོད་པས་གྲོང་གསེབ་གསར་པའི་འཆར་གཞི་ཡོངས་སུ་བཀོད། 
   ཏུན་ཧོང་ཞིབ་འཇུག་ཁང་དུ་སྣ་མང་ཕུན་སུམ་ཚོགས་ཤེས་དཔལ་སྤེལ་རེས་དཔྱད་གཞིར་བཟུང་། ལོ་ངོ་སྟོང་གི་གནའ་བོའི་ཉམས་འགྱུར་སླར་ཡང་འོད་སྟོང་འཕྲོ།
   ཧྲ་ཁྲེ་རུ་མུའུ་ཁ་མུའུ་བཅུ་གཉིས་དཀྲོལ་ཏེ། ལོ་ངོ་སྟོང་གི་རིང་རྒྱུན་འཛིན་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རོལ་དབྱངས་གྲགས། 
   མི་དམངས་དྲ་བའི་“ད་གཅིག་ལམ་གཅིག་བརྒྱུད་ནས་ནི། ལམ་ཆེན་ཕྱོགས་སུ་མཉམ་དུ་བསྐྱོད་”ཅེས་པའི་རྒྱལ་སྒྲོལ་དངུལ་རྩའི་སྨྱན་སྦྱོར་གནས་འཕྲིན་གསར་འགོད་པས་ཅང་སུའུ་དང་། ཧོ་ནན། ཧྲའན་ཞི། ཀན་སུའུ། ཤིན་ཅང་སོགས་སུ་བསྐྱོད་ནས་བཅར་འདྲི་དང་པར་བརྒྱབ་སྟེ་“དར་གོས་ལམ་བུའི་དཔལ་འབྱོར་ཁུལ་”གྱི་ལམ་རྒྱུད་ཁུལ་གྱི་“མཚན་ཞགས་གཅིག་”གི་ཟིན་ཐོ་བཀོད།