འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐྱེ་ཁམས་ཁོར་ཡུག་པུས་བརྡ་ཐོ་བཀྲམ་ནས། བཟོ་ལས་ཀྱི་འཛེར་སྒྲ་བཙོག་འབུད་འཁྲོལ་འཛིན་དོ་དམ་བྱེད་ཁོངས་སུ་བཅུག་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་19ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུས《བཟོ་ལས་ཀྱི་འཛེར་སྒྲ་བཙོག་འབུད་འཁྲོལ་འཛིན་དོ་དམ་བྱེད་ཁོངས་སུ་འཇུག་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། བཟོ་ལས་ཀྱི་འཛེར་སྒྲ་བཙོག་འབུད་འཁྲོལ་འཛིན་དོ་དམ་བྱེད་ཁོངས་སུ་འཇུག་པའི་བླང་བྱ་ཁ་གསལ་བཏོན་ནས། ས་གནས་ཀྱིས་བཙོག་འབུད་འཁྲོལ་འཛིན་དཔྱད་སྤྲོད་དང་བཙོག་འབུད་ཐོ་འགོད་དོ་དམ་ལས་དོན་ཁྲིམས་བཞིན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་བཟོ་ལས་ཀྱི་འཛེར་སྒྲ་ཚང་མ་ཁྲིམས་ལྟར་བཙོག་འབུད་འཁྲོལ་འཛིན་དོ་དམ་བྱེད་ཁོངས་སུ་འཇུག་པར་སྐུལ་འདེད་བཏང་ཡོད།
     ལག་བསྟར་ཁྱབ་ཁོངས་ཐད་བཟོ་ལས་ཀྱི་འཛེར་སྒྲ་བཙོག་འབུད་འཁྲོལ་འཛིན་དོ་དམ་བྱེད་ཁོངས་སུ་འཇུག་པའི་ལས་རིཊ་ནི《རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་རིགས་དབྱེའི》ཁྲོད་ཀྱི་བཟོ་ལས་ལས་རིགས་ལ་གཏོགས་པ་མ་ཟད། 《གཏན་འཇགས་སྦགས་བཙོག་ཡོང་ཁུངས་ཕྱིར་འབུད་འཁྲོལ་འཛིན་རིགས་དབྱེ་དོ་དམ་མིང་གཞུང(2019ལོའི་པར་གཞི)》གཞིར་བཟུང་། བཙོག་འབུད་འཁྲོལ་འཛིན་རེ་བ་ཞུས་ནས་ཐོབ་པ་བྱེད་དགོས།