འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་ནི་སྲུང་སྐར་གྱིས་པར་བརྒྱབ་པའི་ཉི་མ་རེད།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་19ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འདི་ནི་སྲུང་སྐར་གྱིས་པར་བརྒྱབ་པའི་ཉི་མ་རེད།
    རང་རྒྱལ་གྱི་ཉི་མ་འཚོལ་ཞིབ་སྲུང་སྐར་དང་པོ“ཞི་ཧོ་རྟགས་ཅན”2021ལོའི་ཟླ་10ཚེས་14ཉིན་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། ལོ་གཉིས་ལྷག་ཙམ་རིང“ཞི་ཧོ་རྟགས་ཅན”ལས་400TBཡི་སྤུས་ཚད་མཐོ་བའི་ཚན་རིག་གཞི་གྲངས་དང་ཐོག་མའི་གསར་གཏོད་རང་བཞིན་གྱི་ཚན་ཞིབ་གྲུབ་འབྲས་རབ་དང་རིམ་པ་ཐོན་ཡོད། ཉེ་ཆར་ནན་ཅིང་སློབ་ཆེན་ཉི་མའི་ཚན་རིག་གཞི་གྲངས་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཁག་གཅིག་ཁྱབ་བསྒྲགས་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས“ཞི་ཧོ་རྟགས་ཅན་གཉིས་པ”ཉི་ས་L5ཉི་མའི་འཚོལ་ཞིབ་ཚད་ལེན་ལས་གྲྭའི་རིགས་པས་ཁུངས་སྐྱེལ་བྱེད་བཞིན་ཡོད་པ་རེད། རིགས་པས་ཁུངས་སྐྱེལ་གྱི་ཇུས་གཞི་གཞིར་བཟུང་། “ཞི་ཧོ་རྟགས་ཅན་གཉིས་པ”དེ་2026ལོ་ཡས་མས་སུ་ཉི་ས་L5བར་འཕེན་གཏོང་བྱས་ནས་ཉི་མར་ལངས་གཟུགས་ཀྱི་འཚོལ་ཞིབ་བྱ་རྒྱུ་རེད།