འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀུ་ཤུང་ཚང་གི་འགོ་ཁྲིད་དང་ཐུག་འཕྲད་བྱས་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་19ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀུ་ཤུང་ཚང་གི་འགོ་ཁྲིད་དང་ཐུག་འཕྲད་བྱས་པ།
    ཚོང་དོན་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་10ཚེས་18ཉིན། ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་པེ་ཅིང་དུ་ཀུ་ཤུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཁུའུ་ཁེ་དང་ཐུག་འཕྲད་བྱས་པ་རེད། ཕྱོགས་གཉིས་པོས་ཀུ་ཤུ་ཀུང་སི་ཀྲུང་གོར་འཕེལ་རྒྱས་གཏོང་བ་དང་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སོགས་ཐད་སྤེལ་རེས་གནང་བ་རེད།
    ཝང་ཝུན་ཐའོ་ཡིས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་དང་ཁྲོམ་རར་མུ་མཐུད་ཞུགས་འཐུས་རྒྱ་ཆེར་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་གཞོལ་རྒྱུ་ཡིན། ཀུ་ཤུ་ཀུང་སི་ཚུད་པའི་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིས་ཀྲུང་གོའི་ཁྲོམ་རའི་ཁེ་སྤོགས་མཉམ་སྤྱོད་བྱས་ནས་གཉིས་ཁེ་འཕེལ་རྒྱས་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་པ་བསྟན།
   ཁུའུ་ཁེ་ཡིས་ཀུ་ཤུ་ཀུང་སིས་ཀྲུང་གོར་ལོ་30འཕེལ་རྒྱས་བཏང་རིང་ཐོབ་པའི་གྲུབ་འབྲས་ལ་མཐོང་ཆེན་བྱེད་པ་དང་། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ཕྱོགས་གཉིས་པོའི་ཁེ་ལས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་པ་བསྟན།