འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་17ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་10ཚེས་16ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་གཏན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     ལུའུ་ཐུའུ་གསར་འགྱུར་ཁང་གི་གསར་འགོད་པ་ཞིག་གིས། ཨ་རི་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ཨ་རིའི་ཉིང་ལྷེབ་བཟོ་སྐྲུན་ཚོང་པས་ཨ་རིའི་སྲིད་གཞུང་གི་ཚོད་འཛིན་ལས་གཡོལ་ནས་ཀྲུང་གོར་ཐོན་རྫས་འཚོང་བར་སྔོན་འགོག་བྱ་རྒྱུ་དང་། པའེ་ཏིན་སྲིད་གཞུང་གིས་སྔོན་དཔག་བྱས་པ་ལྟར་ན་བྱེད་ཐབས་མང་པོ་སྤྱད་ནས་ཀྲུང་གོར་ཉིང་ལྷེབ་ཕྱིར་གཏོང་ཚོད་འཛིན་བྱེད་རྒྱུ་རེད། ཀྲུང་གོའི་ཕྱོགས་ནས་དེའི་ཐད་ལན་གང་ཞིག་སློག་རྩིས་ཡོད་དམ་ཞེས་དྲིས། 
     མའོ་ཉིང་གིས་བཤད་དོན། ཨ་རིས་ཀྲུང་གོར་ཉིང་ལྷེབ་ཕྱིར་གཏོང་དོ་དམ་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ནས་ལངས་ཕྱོགས་གསལ་སྟོན་ཐེངས་མང་བྱས་ཡོད། ང་ཚོས་ཨ་རི་ཕྱོགས་ནས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་གྱི་གནད་དོན་ཆབ་སྲིད་ཅན་དང་། ལག་ཆ་ཅན། མཚོན་ཆ་ཅན་བཅས་སུ་སྒྱུར་མཚམས་འཇོག་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་ཐོན་ལས་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་དཀྲུག་རྐྱེན་བཟོ་མཚམས་འཇོག་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་འཕེལ་ཕྱོགས་ལ་དོ་ཁུར་ནན་པོ་བྱས་ཏེ། རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།