འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་
བཞི་པའི་འགྲན་སྐོར་དང་པོའི་འགྲན་བསྡུར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་17ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་
བཞི་པའི་འགྲན་སྐོར་དང་པོའི་འགྲན་བསྡུར་འགོ་ཚུགས་པ།
    ཚེས་14ཉིན་གྱི་སྔ་དྲོ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་འགྲན་སྐོར་དང་པོའི་འགྲན་བསྡུར་ཉིང་ཁྲི་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་ལ། རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་རུ་ཁག་17གྱི་བདམས་ཐོན་པ་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་ནས་ཐོན་ཏེ“མཛེས་ལྗོངས་ལམ་ཆེན”ཞེས་གྲགས་པའི་རྒྱལ་ལམ་318བརྒྱུད་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པའི་ཉང་ཆུ་ནས་ཀོང་པོ་རྒྱ་མདའ་རྫོང་ཆོན་ཀྲོའུ་ཟམ་ཆེན་བར་འགྲན་བསྡུར་བྱས་པར་ཁྱོན་ལམ་ཐག་སྤྱི་ལེ་129.8ཟིན་གྱི་ཡོད་པ་རེད། འདི་ནི་འགྲན་ཞུགས་བདམས་ཐོན་པ་གཅིག་རྗེས་གཉིས་མཐུད་ངང་མདུན་སྐྱོད་བྱེད་བཞིན་པ།