འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྒོར་ཁྲི་100ཙམ་ཚུར་འཕྲོག་ཐུབ་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་16ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་10ཚེས་6ཉིན་གྱི་ཆུ་ཚོད་17ཙམ་ལ། ཀྲེ་ཅང་ཧང་ཀྲོའུ་ཅན་ཏེ་གྲོང་ཁྱེར་སྤྱི་བདེ་ཅུས་ཆན་ཐན་མངགས་གཏོང་ཁང་དུ་ཉེན་བརྡ་འབྱོར་དོན། དེའི་མངའ་ཁུལ་གྱི་མང་ཚོགས་ལ་མགོ་སྐོར་བསླུ་བྲིད་ཐེབས་བཞིན་ཡོད་པ་བཤད། མི་དམངས་ཉེན་རྟོག་པ་ཀུའུ་ཁྲེང་ཁྲེང་གིས་འཕྲལ་མར་དོ་བདག་དང་འབྲེལ་བ་བྱས་ཡོད། 
   ཤེས་རྟོགས་བྱས་པ་བརྒྱུད། ཉིན་དེའི་ཆུ་ཚོད་16དང་སྐར་མ་40ཡས་མས་སུ་དོ་བདག་ཨ་མ་ཁྲེན་ལ་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ་ཡིན་ཟེར་བའི་ཁ་པར་འབྱོར་བ་དང་། ཕ་རོལ་པོས་ཁོང་ལ་ཞབས་ཞུ་དེ་མེད་པ་མ་བཟོས་ན་སྒོར་ཁྲི་2000བསྡུ་དགོས་པ་བཤད། 
   ཨ་མ་ཁྲེན་གྱིས་དེ་བདེན་པར་བཟུང་ནས་ཕ་རོལ་པོའི་བླང་བྱ་ལྟར་མཉེན་ཆས་ཕབ་ལེན་བྱས་ནས་འཆར་ངོས་མཉམ་སྤྱོད་བཀོལ་སྤྱོད་བྱས་པ་རེད། 
   མི་དམངས་ཉེན་རྟོག་པས་ཁོ་མོ་བཙལ་རྙེད་དུས། ཨ་མ་ཁྲེན་གྱིས་དངུལ་བྱང་གི་ཨང་གྲངས་དང་གསང་གྲངས་ཚང་མ་བསླུ་བྲིད་གཏོང་མཁན་ལ་བཤད་ཚར་བ་དང་། ར་སྤྲོད་ཨང་གཏག་གྲབས་བྱེད་བཞིན་པའི་སྒང་རེད། ཉེན་རྟོག་པས་དེ་མ་ཐག་ལག་ཁྱེར་ཁ་པར་ཚུར་འཕྲོག་ཅིང་། དེས་སྒོར་ཁྲི་97སྲུང་ཐུབ་ཡོད། 
   མི་དམངས་ཉེན་རྟོག་པས་"སྨན་བཅོས་འགན་བཅོལ་ལས་བྱེད་མི་སྣ་"དང་འབྲེལ་གཏུག་བྱ་རྩིས་བྱེད་དུས། ཕ་རོལ་པོས་སྐད་ཆ་གཅིག་ཀྱང་མི་བཤད་པར་བྲེལ་འཚུབ་ངང་བརྙན་ལམ་ཁ་པར་བཅད་པ་རེད། 
   ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན།
ལས་སླ་པོར་ཡིད་ཆེས་མི་བྱེད་པ། ཡོང་ཁུངས་གསལ་པོ་མེད་པའི་ཁ་པར་དང་ཆ་འཕྲིན་ལ་ཡིད་ཆེས་མི་བྱེད་པ་དང་། ཁ་བསླུས་རྒྱག་མཁན་གྱིས་ཁ་མཁས་འདྲ་ཆགས་གང་འདྲ་ཞིག་སྤྱད་ཀྱང་ཡིད་ཆེས་མི་བྱེད་པར་དུས་ཐོག་ཏུ་ཁ་པར་རྒྱག་པ་དང་། ཡིག་ལན་མི་སློག་པ། ཁ་བསླུས་རྒྱག་མཁན་གྱི་མགོ་སྐོར་འོག་ཚུད་རྒྱུའི་གོ་སྐབས་མི་སྤྲོད་པ་བཅས་བྱེད་དགོས། 
ཕྱིར་མི་མངོན་པ། རང་ཉིད་ཀྱི་སེམས་ཁམས་བརྟན་པོ་བྱས་ནས་ཁེ་ཕན་ཆུང་ཆུང་རག་ཐབས་ཆེད་ཁྲིམས་འགལ་བའམ་ཁྲིམས་འགལ་ཆ་འཕྲིན་གྱིས་བསླུ་བྲིད་མི་ཐེབས་པ་བྱ་རྒྱུ། གནས་ཚུལ་གང་འདྲ་ཞིག་ཡིན་རུང་། ཕར་ཕྱོགས་ལ་རང་ཉིད་དང་ཁྱིམ་མིའི་ཐོབ་ཐང་ཆ་འཕྲིན་དང་། གསོག་དངུལ། དངུལ་ཁང་གཱ་སོགས་ཀྱི་གནས་ཚུལ་བཤད་མི་རུང་། 
དངུལ་བསྒྱུར་མི་བྱེད་པ། མི་ཆ་མེད་ལ་དངུལ་བསྐུར་བ་དང་། དངུལ་བསྒྱུར་གཏན་ནས་བྱེད་མི་རུང་། དངུལ་མ་བསྐུར་བ་དང་དངུལ་མ་བསྒྱུར་གོང་ཕར་ཕྱོགས་ཀྱི་ཐོ་ཁོངས་ལ་ཞིབ་བསྡུར་ཡང་ཡང་བྱས་ནས་ཁྲིམས་འགལ་བའི་མགོ་སྐོར་མི་ཐེབས་པ་བྱེད་དགོས།