འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྒྲོལ་མ་སྐྱིད་ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཏུ་བདམས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་12ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྒྲོལ་མ་སྐྱིད་ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཏུ་བདམས་འདུག
    པེ་ཅིང་གི་དུས་ཚོད་ཟླ་10ཚེས་10ཉིན། ལོ་23ལ་སླེབས་པའི་རྔ་པ་ཁུལ་གྱི་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་མི་སྒྲོལ་མ་སྐྱིད་རྒྱལ་ཁབ་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཚུད་པ་རེད། 
    སྒྲོལ་མ་སྐྱིད་ནི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ནས་ཡིན་ཞིང་། མིག་སྔར་སི་ཁྲོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཏུ་ཡོད་པ་དང་། འགྲན་དུས་འདིར་སི་ཁྲོན་བུད་མེད་རྐང་རྩེད་སྤོ་ལོའི་ཚབ་བྱས་ནས་འགྲན་བསྡུར་ཐེངས་14བསྐྱོད་དེ་སྤོ་ལོ་ཐེངས་གཉིས་བླུགས་ཡོད་པ་རེད། གཞན་ཡང་། སྒྲོལ་མ་སྐྱིད་ད་དུང་དེ་སྔ་ཀྲུང་གོའི་U19བུད་མེད་ན་གཞོན་རུ་ཁག་ནང་ཚུད་ཡོད།