འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ན་ནིང་ཀན་སུའུ་ཞིང་ཆེན་གྱིས་ཞིབ་འཇུག་གསར་སྤེལ་ལ་གྲོན་དངུལ་སྒོར་དུང་ཕྱུར་144.15བཏང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་10ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། ཚན་རྩལ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་2022ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གྲོན་དངུལ་གཏོང་སྒོའི་བསྡོམས་རྩིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་དང་། ཀན་སུའུ་ཞིང་ཆེན་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས(R&D)ཀྱི་གྲོན་དངུལ་དང་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་མང་དུ་ཕྱིན་ནས(ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་དང་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་བསྡུར་ཚད)ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2022ལོར་ཀན་སུའུ་ཞིང་ཆེན་གྱི་R&Dགྲོན་དངུལ་སྒོར་དུང་ཕྱུར་144.15ཟིན་ནས་2020ལོ་དང་བསྡུར་ན་སྒོར་དུང་ཕྱུར་34.51འཕར་བ་དང(31.48%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་བདུན་པར་སླེབས་ཡོད)2021ལོ་དང་བསྡུར་ན་སྒོར་དུང་ཕྱུར་14.68འཕར་ཡོད། (11.34%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.24ཡིས་མཐོ་བ་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་15པར་སླེབས་ཡོད) ཞིབ་འཇུག་གསར་སྤེལ་ལ་གྲོན་དངུལ་གཏོང་ཚད་1.29%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་22པ་དང་ནུབ་རྒྱུད་ཀྱི་ཨང་5པར་སླེབས་ཡོད་པ་རེད།