འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“སྤྲོ་གསེང་གཟའ་འཁོར”རིང་ཀན་སུའུ་ཡི་ཡུལ་སྐོར་ཡོང་འབབ་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་ན་ནིང་གི་དུས་མཚུངས་ལས་221%འཕར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་10ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་། ཀན་སུའུ་ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2480ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་148ཟིན་ཞིང་། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2022ལོའི་དུས་མཚུངས་ལས་172.7%དང་221%སོ་སོར་འཕར་ནས། 2019ལོའི་དུས་མཚུངས་ཀྱི་105.6%དང་90.3%སོ་སོར་སླར་གསོ་ཐུབ་ཡོད་པ་རེད།
     གུང་གསེང་རིང་ཀན་སུའུ་ཞིང་ཆེན་གྱི་ས་གནས་ཁག་གིས་རིག་གནས་དང་། ཡུལ་སྐོར། འཁྲབ་སྟོན། ལུས་རྩལ། ཚོང་དོན་སོགས་ཕྱོགས་བསྡུས་རང་བཞིན་གྱི་བྱེད་སྒོ་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་ཚད་མཐོ་རུ་བཏང་ཡོད། ཞིབ་འཇུག་སློབ་སྦྱོང་བརྗོད་དོན་གཙོ་བོར་བྱས་པའི་ཐོན་རྫས་ཀྱི་ལམ་ཐིག་བཀྲག་མདངས་འཚེར་སར་གྱུར་ཡོད། ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་གྱི“དར་གོས་ལམ་བུ་དང་། མཛེས་པའི་རྨ་ཆུ། གདོད་མའི་རིག་གནས། ལྕགས་རི་རིང་པོའི་རིག་གནས། གསར་བརྗེའི་རིག་གནས། མི་རིགས་ཀྱི་དམངས་སྲོལ། རང་བྱུང་ཚན་རིག་ཁྱབ་གདལ། བཟོ་ལས་ཤེས་དཔལ། མཛེས་པའི་གྲོང་གསེབ། སྐྱེ་ཁམས་ཤེས་དཔལ”བཅས་བརྗོད་དོན་གཙོ་བོ་བཅུའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་རྩེ་གྲ་བརྒྱ་དང་སློབ་ཚན་ཆིག་སྟོང་ཡོངས་བསྒྲགས་བྱས་ནས། གཞོན་ནུ་ལོ་ཆུང་དང་ཀན་སུའུ་ལ་ཡུལ་སྐོར་དུ་ཡོང་མཁན་གྱི་སྣ་མང་ཅན་དང་། སྤུས་ཚད་ཅན། རང་སོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་ཞིབ་སློབ་ཡུལ་སྐོར་གྱི་དགོས་མཁོ་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།