འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་09ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཧྥན་ཅིང་ལིན(ཐིང་རིམ་པ་གཞོན་པ)གྱིས་གཞུང་དངུལ་སྒེར་སྤྱོད་དང་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཏིན་ཞི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཁྲིམས་སྦྱོར་བྱས་པ་རེད། ཉིན་ཤས་གོང་། ཏིང་ཞི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་གསོག་དང་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཧྥན་ཅིང་ལིན་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་འདི་ཐག་གཅོད་བྱེད་བཞིན་པའི་སྒང་རེད།