འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར། ཕྱུག་འགྱུར་འབབ་འཕར་ལམ་བུ་ཡངས། གྲོང་གསེབ་
དར་རྒྱས་མདུན་ལྗོངས་མཛེས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་09ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་འབར་ཁམས་གྲོང་ཁྱེར་དུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིག་གནས་ཡུལ་སྐོར་གྱི་ལེགས་ཆའང་མངོན་གསལ་དོད་ཅིང་། གསར་བརྗེའི་ལོ་རྒྱུས་བརྒྱུད་མྱོང་བའི་འབར་ཁམས་གྲོང་ཁྱེར་གྱིས་དུས་རབས་གསར་པའི་རྒྱང་ལམ་གསར་པར་བློ་སྟོབས་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད།
    ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་བྱུང་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་པ། སྐྱེ་ཁམས་ཐོན་ལས་མགྱོགས་མྱུར་དར་རྒྱས་ཕྱིན་པ། དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱེད་འགོ་ཚུགས་ཡོད། ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འབར་ཁམས་གྲོང་ཁྱེར་གྱིས་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྤྱད་ཁར། ཁུལ་ཡོངས་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་དུ་འཛུགས་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས“རིན་ཆེན་གཏེར་མཛོད”ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་ཡོད། གྲོང་གསེབ་ཀྱི་འགྲོ་ལམ་ཤར་བགྲོད་ཐུབ་པ་དང་། ཁོར་ཡུག་ལྟ་ན་སྡུག་པ། གྲོང་མིའི་སྡོད་ཁང་མཛེས་པ་བཅས་སྐྱེ་ཁམས་ཡུལ་སྐོར་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་རགས་ཙམ་ཆགས་ཡོད།
    འབར་ཁམས་གྲོང་ཁྱེར་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་ཕྱིན་ཞིང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། ད་ཆ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་གསར་པ་ཞིག་ཏུ་བསྐྱོད་ཡོད། སླད་ཕྱིན་འབར་ཁམས་གྲོང་ཁྱེར་གྱིས་སྐྱེ་ཁམས་མཛེས་སྡུག་དང་། ཞི་མཐུན་བདེ་སྐྱིད། འབྱོར་ཕྱུག་འབྱོར་འབྲིང་བཅས་ཀྱི“ཁྱིམ་གཞིས་གསུམ”བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “བཀོད་པ་མཛེས་པ”དང“ཐོན་ལས་མཛེས་པ” “ཁོར་ཡུག་མཛེས་པ” “འཚོ་བ་མཛེས་པ” “དར་སྲོལ་མཛེས་པ”བཅས་མངོན་འགྱུར་ཧུར་ཐག་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་བ་བཅས་བྱས་ནས་དགུང་སྔོན་དང་ཆུ་དྭངས་ཁྲོད་དུ་མཛེས་སྡུག་ལྡན་པའི་རི་ཀླུང་གི་རྣམ་པ་གསར་པ་གཏོད་རྒྱུ་རེད།