འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་འགོ་ཁྲིད་འདི་གནས་དབྱུང་བཏང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་07ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་3ཉིན། ཨ་རིའི་གྲོས་ཁང་འོག་མའི་སྤྱི་མཐུན་ཏང་གི་གྲོས་དཔོན་མའེ་ཁ་ཞི་གནས་དབྱུང་གཏོང་རྒྱུའི་འཕྲལ་འདོན་གྲོས་གཞིར་བརྡས་ཐག་བཅད་པ་དང་། མཐར་འདེམས་ཤོག་216གིས་མོས་མཐུན་བྱས་པ་དང་འདེམས་ཤོག་210ཡིས་ངོ་རྒོལ་བྱས་པའི་འདེམས་ཤོག་འཕངས་འབྲས་ལ་བརྟེན་ནས། མའེ་ཁ་ཞི་གནས་དབྱུང་གཏོང་རྒྱུའི་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱུང་། དེའི་ཐོག་ནས་མའེ་ཁ་ཞི་ནི་ཨ་རིའི་ལོ་རྒྱུས་ཐོག་འདེམས་ཤོག་འཕངས་ནས་གནས་དབྱུང་བཏང་བའི་གྲོས་ཁང་འོག་མའི་གྲོས་དཔོན་ཐོག་མར་གྱུར་པ་མཚོན་ཡོད།
     གྲོས་མི་ཕ་ཐི་ལེ་ཁུ་མེ་ཁུ་ཧིན་ལེ་ཡིས་(Patrick McHenry)གནས་སྐབས་ཀྱི་གྲོས་དཔོན་ནམ་གནས་སྐབས་ཀྱི་ལས་ཚབ་གྲོས་དཔོན་གྱི་འགན་འཁུར་རྒྱུ་རེད།