འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རི་རྩེའི་འཁྱགས་དར་གྱི་མ་དཔེ་ཐོག་མ་བླངས་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 10ཚེས་07ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རི་རྩེའི་འཁྱགས་དར་གྱི་མ་དཔེ་ཐོག་མ་བླངས་ཡོད།
    ཟླ་10ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་15ཡི་ཐོག མཚོ་བོད་ཚན་རིག་རྟོག་ཞིབ་ཇོ་བོ་དབུ་ཡག་གི་རྩེ་མཐོ་ཤོས་ལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པས་སྨི་8201ཟིན་པའི་རི་རྩེ་ལ་འཛེགས་པ་མ་ཟད། འཁྱགས་སྙིང་འདོན་པ་དང་འཁྱགས་དར་གྱི་མ་དཔེ་འཚོལ་བསྡུ་ཐུབ་པ་འདི་ནི་རང་རྒྱལ་གྱིས་ཇོ་བོ་དབུ་ཡག་གི་འཁྱགས་སྙིང་དང་སྐས་ཚད་འཁྱགས་དར་གྱི་མ་དཔེ་ཐོག་མ་བླངས་པ་རེད།
   འཁྱགས་སྙིང་ཁྲོད་ལོ་རྒྱུས་ཐོག་རང་བྱུང་གི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་གི་ཆ་འཕྲིན་ཡོད་པ་མ་ཟད། མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་གནམ་གཤིས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཡང་ཟིན་ཐོར་བཀོད་ཡོད་པས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པའི་ཁྲོད་དུ་ནུས་པ་ཧ་ཅང་གལ་ཆེན་ཐོན་གྱི་ཡོད།
༄༅།།རི་རྩེའི་འཁྱགས་དར་གྱི་མ་དཔེ་ཐོག་མ་བླངས་ཡོད།
༄༅།།རི་རྩེའི་འཁྱགས་དར་གྱི་མ་དཔེ་ཐོག་མ་བླངས་ཡོད།