འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གོ་ལ་ཧྲིལ་པོའི་འཕྲོ་གློག་རྒྱང་ཤེལ་ཆེ་ཤོས་འདི་རེད།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་28ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གོ་ལ་ཧྲིལ་པོའི་འཕྲོ་གློག་རྒྱང་ཤེལ་ཆེ་ཤོས་འདི་རེད།
   ཚེས་27ཉིན། གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་རྒྱལ་ཁབ་བར་སྣང་ཚན་རིག་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚན་རིག་ཁང་དེས་སྣེ་ཁྲིད་དེ་བསྐྲུན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན“བར་སྣང་ཁོར་ཡུག་གི་རྩིག་རྨང་ཕྱོགས་བསྡུས་ལྟ་ཞིབ་དྲ་བའི” མཚོན་རྟགས་རང་བཞིན་གྱི་སྒྲིག་ཆས་ཀྱི་གྲས་ཤིག་ཡིན་པའི་ཉི་མའི་འཕྲོ་གློག་གི་བརྙན་གྲུབ་རྒྱང་ཤེལ་སྒོར་གདུབ་ཅན(གཤམ་དུ“སྒོར་གདུབ་ཅན”ཞེས་བསྡུ་རྒྱུ)ལ་བཟོ་རྩལ་ཚོད་རྒྱུགས་བདེ་བླག་བྱུང་བ་རེད།
   སྒོར་གདུབ་ཅན་དེ་ས་བབ་མཐོ་ཚད་སྨི་3820ཡི་སི་ཁྲོན་གྱི་འདབ་པ་རྫོང་དུ་བཟོས་པ་དང་། ཚངས་ཐིག་སྨི་6ཡོད་པའི་དངོས་འཕངས་ངོས་ཀྱི་གནམ་སྐུད321ལས་གྲུབ་པ་དང་། ཚངས་ཐིག་སྤྱི་ལེ་1ཡོད་པའི་སྒོར་གདུབ་ཀྱི་ཐོག་ཏུ་བཀྲམས་ཡོད། དེ་ནི་མིག་སྔའི་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་ཁུང་ཚངས་འཕྲོ་གློག་རྒྱང་ཤེལ་རེད།
༄༅།།གོ་ལ་ཧྲིལ་པོའི་འཕྲོ་གློག་རྒྱང་ཤེལ་ཆེ་ཤོས་འདི་རེད།