འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུའི་“མནའ་འབྲེལ་MS-23རྟགས་ཅན་”འཕུར་གྲུ་སར་བབ་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་28ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མོ་སི་ཁོའི་དུས་ཚོད་ཟླ་9ཚེས་27ཉིན་གྱི་ཆུ་ཚོད་14དང་སྐར་མ་17ཐོག ཨུ་རུ་སུའི་“མནའ་འབྲེལ་MS-23རྟགས་ཅན་”འཕུར་གྲུ་སར་བབ་པ་དང་། འཕུར་གྲུའི་ཐོག་བླུགས་པའི་འཇིག་རྟེན་འཕུར་སྐྱོད་པ་3སའི་གོ་ལར་ཕྱིར་ལོག་པ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན། འཇིག་རྟེན་འཕུར་སྐྱོད་པ་3ནི་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ཕུའུ་ལུའོ་ཁོ་ཕི་ཡེ་ཕུའུ་དང་ཕེ་ཅེ་ལིན་དང་དེ་བཞིན་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ལན་ཁེ་·ལུའུ་པི་ཨའོ་བཅས་རེད།