འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་འདི་ལྟར་འབོད་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་28ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    “ཕྱི་འབྲེལ་པུའི་མགྲིན་ཚབ་པའི་གཞུང་དོན་ཁང་”གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་27ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དྲི་བ་བཏོན་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཡེ་མེན་ཧུའུ་སའེ་རྩ་འཛུགས་ཀྱིས་སོ་ཏི་ཨ་རབ་ལྷོ་རྒྱུད་མཐའ་མཚམས་ས་ཁུལ་གྱི་ཨ་རབ་མཉམ་འབྲེལ་དམག་གི་སྒར་སར་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ནས། པ་རེན་གྱི་དམག་མི་2རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
   ཝང་ཝུན་པིན་གྱིས། དུས་བབ་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱས་ནས་འབྲེལ་ཡོད་ཕྱོགས་ཁག་མཉམ་སྐྱོད་མཉམ་སྒུལ་གྱི་སྐད་ཆ་ཤོད་རེས་བྱས་ནས། ཡེ་མེན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུའི་སྐུལ་འདེད་བཏང་སྟེ། ཡེ་མེན་གྱི་ཞི་བདེ་དང་བརྟན་ལྷིང་སྔ་ཙམ་སླར་གསོ་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།