འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་ཙུང་ཐུང་གིས་ལུའུ་དབྱི་སི་ཨན་ན་མངའ་སྡེ་རྫ་དྲག་སོང་བའི་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་28ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་27ཉིན། ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ལུའུ་དབྱི་སི་ཨན་ན་མངའ་སྡེ་ཛ་དྲག་གི་གནས་སུ་གྱར་བའི་ཁྱབ་བསྒྲགས་བྱས་པ་མ་ཟད། མངའ་སྡེ་དེར་རྒྱལ་ཕྲན་མཉམ་འབྲེལ་གྱི་རོགས་སྐྱོར་བྱ་རྒྱུ་དང་། ཟླ་9ཚེས་20ཉིན་མངའ་སྡེ་དང་ས་གནས་སྲིད་གཞུང་དེ་གའི་འཐུང་ཆུ་དང་ཆུ་བེད་སྒྲིག་བཀོད་ལ་མཚོ་ཆུ་ཤོར་བའི་གནོད་སྐྱོན་ལ་ཁ་གཏད་བཅལ་ནས་རོགས་རམ་བྱ་དགོས་པའི་བཀའ་ཡང་བཏང་བ་རེད།
   པེ་ཏེན་གྱིས་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའི་ལས་དོན་དང་རྒྱལ་ཕྲན་མཉམ་འབྲེལ་འཕྲལ་སྡོམ་དོ་དམ་ཁང་(FEMA)ལ་གེགས་སེལ་ལས་དོན་མཐུན་སྦྱོར་གྱི་དབང་ཆ་སྤྲད་པ་དང་འབྲེལ་དགོས་མཁོ་ཡོད་པའི་མི་སྣར་རོགས་སྐྱོར་འོས་འཚམ་ཡང་བྱས་པ་རེད།