༄༅།།ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་འགོ་ཁྲིད་བསྐོ་འཐེན་བྱས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་28ཉིན། 13:08】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
(22023ལོའི་ཟླ་9ཚེས་27ཉིན། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་།)
ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་དོན་དུ།
སྐལ་བཟང་སྒྲོལ་དཀར་གྱི་ལྷ་ས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་དང་།
འཆི་མེད་ཚེ་རིང་གི་ལྷ་ས་གྲོང་ཁྱེར་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱས།
བསྐོ་གཞག་གི་ཐག་བཅད་དོན་དུ།
བསོད་ནམས་ཚེ་རིང་ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་དང་།
ཧྲེན་ཙུང་ཀྲི་ལྷ་ས་གྲོང་ཁྱེར་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་དུ་བསྐོ་གཞག་བྱས།