༄༅།།རང་རྒྱལ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པའི་མཚོ་སྒྲོལ་མྱུར་བགྲོད་ལྕགས་ལམ་ཐོག་མ་
གཉེར་སྐྱོང་བྱེད་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་28ཉིན། 10:08】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པའི་མཚོ་སྒྲོལ་མྱུར་བགྲོད་ལྕགས་ལམ་ཐོག་མ་སྟེ། ཧྥུའུ་ཀྲོའུ་ནས་ཞཱ་མོན་དང་དེ་ནས་ཀྲང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ(ཧྥུའུ་ཞཱ་མྱུར་བགྲོད་ལྕགས་ལམ)ཚེས་28ཉིན་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཧྥུའུ་ཀྲོའུ་ནས་ཞཱ་མོན་བར་མགྱོགས་ཤོས་ལ་སྐར་མ་55ནང་སླེབས་ནས་ས་ཆ་དེ་གཉིས“ཆུ་ཚོད་གཅིག་གི་འཚོ་བའི་འཁོར་རྒྱར”གྱུར་ཡོད་པ་རེད།
ཧྥུའུ་ཞཱ་མྱུར་བགྲོད་ལྕགས་ལམ་ནི་ཧྥུའུ་ཀྲོའུ་བབས་ཚུགས་ལྷོ་མ་ནས་ཧྥུའུ་ཅན་ཞིང་ཆེན་གྱི་ཕུའུ་ཐེན་གྲོང་ཁྱེར་དང་། ཆོན་ཀྲོའུ་གྲོང་ཁྱེར། ཞཱ་མོན་གྲོང་ཁྱེར། ཀྲང་ཀྲོའུ་གྲོང་ཁྱེར་བཅས་བརྒྱུད་མཐར་ཀྲང་ཀྲོའུ་བབས་ཚུགས་སུ་སླེབས་ཀྱི་ཡོད་ལ་སྤྱིའི་རིང་ཚད་ལ་སྤྱི་ལེ་277ཡིན། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ཧྥུའུ་ཞཱ་མྱུར་བགྲོད་ལྕགས་ལམ་ནི་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དང་ཅིང་ཞུང་གྲོང་སྦྲེལ་ལྕགས་ལམ་རྗེས་སུ་རང་རྒྱལ་གྱི་སྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པའི་རིག་ནུས་མྱུར་བགྲོད་ལྕགས་ལམ་གཞན་ཞིག་ཡིན་པ་དེ་ལས་རིག་ནུས་ཅན་ཁྱབ་ཁོངས་ཀྱི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཚོལ་ཞིབ་བྱེད་པའི་ཐད་སླར་ཡང་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མཚོན་ཡོད་ཅེས་བརྗོད་པ་རེད།
