འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུས་ལུའུ་མིང་ལོ་11རིང་བཙོན་དུ་འཇུག་རྒྱུའི་ཁྲིམས་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་27ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2023ལོའི་ཟླ་9ཚེས་26ཉིན། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཡུས་ལུའུ་མིང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་སུ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཡུས་ལུའུ་མིང་གིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་ལོ་བཅུ་གཅིག་རིང་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཐག་བཅད་པ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་100བཅད། ཡུས་ལུའུ་མིང་གིས་རྒྱུ་རྔན་ཟ་ལེན་བྱས་པའི་ཉེས་བསགས་ཀྱི་ཐོབ་ཆ་དང་འཕེལ་སྐྱེད་ཁྲིམས་ལྟར་བདའ་འདེད་བྱས་ནས་རྒྱལ་མཛོད་དུ་འབུལ་རྒྱུ་དང་། མི་འདང་བའི་ཆ་མུ་མཐུད་བདའ་འདེད་གཏོང་རྒྱུའི་ཐག་བཅད།
   འདྲི་ཞིབ་བྱས་ནས་རྩད་ཆོད་དོན་དུ། 2001ལོ་ནས་2019ལོའི་བར་ཞུ་སྦྱོར་ཕྱི་མ་བ་ཡུས་ལུའུ་མིང་གིས་སྲིད་གྲོས་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་ཀྱི་ཨུ་ལྷན་སྐབས་དང་པོའི་ཀྲུའུ་ཞི་གཞོན་པ་དང་། ཏ་ཤིང་ཆུས་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་། ཏ་ཤིང་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ། པེ་ཅིང་གྲོང་ཁྱེར་སྨན་ཁང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཅུས་ཀྲང་། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སོགས་གོ་གནས་ཀྱི་སྟབས་བདེར་བརྟེན་ནས་འབྲེལ་ཡོད་ཚན་པ་དང་། སྒེར་པར་ས་ཆ་སྤྱོད་དབང་དང་སྨན་ཁང་གི་ལས་གྲྭ་འགན་ལེན་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་པ་དང་། ཁྲིམས་འགལ་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་1050ལྷག་ཙམ་བླངས་པ་རེད།
   ཀྲང་ཅ་ཁོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཡུས་ལུའུ་མིང་གི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཅིང་ལྐོག་རྔན་བླངས་འབོར་ཧ་ཅང་ཆེ་བའི་ངོས་འཛིན་བྱས་པ་རེད། ཡུས་ལུའུ་མིན་ཁྲིམས་སར་འབྱོར་རྗེས་རང་ཉིད་ཀྱི་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་ཏེ། གྱོད་དོན་ཐག་གཅོད་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པའི་ནག་ཉེས་སྐོར་གྱི་དོན་དངོས་འགའ་ཞིག་རང་འགུལ་ངང་གསལ་བཤད་བྱས་པ་དང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས། བརྐུས་ནོར་ཕྱིར་བསློག་ཧུར་ཐག་བཅས་བྱས་ཏེ། ལྐོག་རྔན་བླངས་པའི་ཁྲིམས་འགལ་གྱི་ཐོབ་ཆ་དང་འཕེལ་སྐྱེད་མང་ཆེ་བ་ཕྱིར་ལེན་ཐུབ་ཏེ། ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག་པས།  ཁྲིམས་ཁང་གིས་དཔྱད་མཚམས་གོང་གསལ་བཞིན་བཏང་།