འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་ཀྲུང་གོའི་དངོས་ཚན་དང་སྒེར་པ་བཀག་སྡོམ་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་27ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དབྱི་རན་དང་འབྲེལ་བ་ཡོད་པར་ཁ་གཡར་ནས་ཨ་རིའི་ནོར་སྲིད་པུས་ཀྲུང་གོའི་དངོས་ཚན་དང་སྒེར་པ་བཀག་སྡོམ་བྱས་པའི་ཐད་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བསྐྱོན། 
གསར་འགོད་པས། ཉེ་ཆར་ཨ་རིའི་ནོར་སྲིད་པུས་དབྱི་རན་དང་འབྲེལ་བ་ཡོད་པའི་མི་མེད་གནམ་གྲུ་དང་དམག་སྤྱོད་གནམ་གྲུ་གསར་སྤེལ་བྱེད་པ་རྒྱུ་མཚན་དུ་བྱས་ནས། ཀྲུང་གོའི་དངོས་ཚན་དང་སྒེར་པ་ཁག་གཅིག་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
    དྲིས་ལན། ཨ་རི་ཕྱོགས་ཀྱིས་དབྱི་རན་དང་འབྲེལ་བ་ཡོད་པའི་མི་མེད་གནམ་གྲུ་དང་དམག་སྤྱོད་གནམ་གྲུ་གསར་སྤེལ་བྱེད་པ་རྒྱུ་མཚན་དུ་བྱས་ནས། ཀྲུང་གོའི་ཁེ་ལས་དང་སྒེར་པ་ཁག་གཅིག་“དམིགས་བསལ་དམིགས་འཛུགས་ཀྱི་རྒྱལ་དམངས་གསལ་ཐོའི་”ནང་བཅུག་པར། ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་ལ་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།
   ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་བཀག་སྡོམ་དང་“ཇུས་མེད་ཇུས་གཏོགས་”ཀྱི་བྱེད་སྟངས་གང་བྱུང་དུ་སྤྱད་དེ་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་དང་སྒྲིག་སྲོལ་གཏོར་བཤིག་གཏོང་བ་དང་། རྒྱལ་སྤྱིའི་དབར་གྱི་རྒྱུན་གཏན་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་འགོག་རྐྱེན་བཟོ་བ། ཀྲུང་གོའི་ཁེ་ལས་དང་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་བྱེད་པ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དང་སྒེར་པར་ཁུངས་མེད་མགོ་གནོན་བྱེད་མཚམས་འཕྲལ་མར་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།